作词 : 岗华
作曲 : 三智才让
编曲 : 谢尔巴
录音:巴·阿普
翻译:索多
ཉོན་མོངས་ཀྱི་རྡོག་ཁྲེས་ཁུར་བའི་སེམས་པ་རེ་རེ།
གཉན་རིམས་ཀྱི་ལག་པས་བཟུང་ནས་བྲག་ལ་བརྡར་བས།
ཤ་ཚ་བའི་སྡུག་ཡུས་ཀྱི་སྤྲིན་པའི་ཁ་ཆར།
མི་རེ་རེའི་སྙིང་རྗེ་ཡི་མིག་མཐའ་ལ་བབས་བྱུང་།
ང་ཡི་སྤུན་ཟླ། ང་ཡི་སྙིང་ཉེ།
ང་ཡི་ནང་མི། ང་ཡི་གཅེས་ཕྲུག
གཉའ་བཞག་ན་དཔའ་མ་ཞུམ།
སྡུག་ཐོན་རུང་ཞེ་མ་འཁྱག
མཐའ་ཡས་པའི་ནམ་མཁའ་ཁོག་ཏུ་རུམ་དང་།
སྤྲིན་དཀར་གྱི་འདབ་མ་གྱོན་པའི་ལྷ་རྗེ་རྩིབ་ན་ཡོད།
མཚམས་སྤྲིན་གྱི་ན་བཟའ་གྱོན་པའི་སེམས་དཔའ་རྩིབ་ན་ཡོད།
སྐྱིད་སྡུག་གི་ཁ་རུ་མཉམ་པའི་ནང་མི་རྩིབ་ན་ཡོད།
དཀའ་སྡུག་གི་གདུང་བ་བསུ་བའི་སངས་རྒྱས་རྩིབ་ན་ཡོད།
སྐྱེ་འཆི་བརྗེ་བའི་རླབས་ཆེན་གྱི་ཕ་མ་ཡང་རྩིབ་ན་ཡོད།
རང་བྱུང་གི་བཅུད་ཀྱིས་གསོས་པའི་འགྲོ་བ་མི་ལགས།
གཉན་ལས་ཀྱི་རྣམ་སྨིན་ལྕི་མོའི་སྡིག་སྒྲིབ་སྨིན་ཡང་།
མནོལ་བསང་བའི་རྣམ་འཇོམས་ཀྱི་བདུད་རྩིའི་བྱབས་ཁྲུས།
མི་རེ་རེའི་བྱམས་སེམས་ཀྱི་ཉི་མ་ལས་འཕྲོས་ཡོང་།
ང་ཡི་སྤུན་ཟླ། ང་ཡི་སྙིང་ཉེ།
ང་ཡི་ནང་མི། ང་ཡི་གཅེས་ཕྲུག
མགོར་བབ་ན་བློ་མ་ཕམ།
ཡིད་སྐྱོ་རུང་སེམས་མ་ངུ།
སྒམ་བརླིང་གི་ས་ཆེན་ཤུགས་ཀྱིས་ནོན་དང་།
མུ་ཏིག་གི་མཆི་མ་འཐོར་བའི་སྐད་ཆ་སེམས་ན་ཡོད།
ནད་གདོན་གྱི་བར་ཆད་སེལ་བའི་སྨོན་ལམ་སེམས་ན་ཡོད།
མེ་ཏོག་གི་ན་ལོ་ལྡེམ་པའི་ལེགས་སྐྱེས་སེམས་ན་ཡོད།
དྲི་མེད་ཀྱི་ཁ་བཏགས་བཟུང་བའི་འཚམ་འདྲི་སེམས་ན་ཡོད།
སྙིང་རྗེ་ཚེས་པའི་ཤེས་རབ་ཀྱི་དགོངས་པ་ཡང་སེམས་ན་ཡོད།
ཤེས་རབ་ཀྱི་དགོངས་པ་ཡང་སེམས་ན་ཡོད།