作词 : 阿贝平措
作曲 : 阿贝平措
和声:旦巴坚参
སྣང་མེད་ཀྱི་ངང་ནས་ཁྱེད་ཀྱི་འདྲ་པར་ཞིག་མཐོང་དུས།
འཛུམ་འཚེར་འཚེར་རླུང་འཚུབ་འཚུབ་ཁྱེད་ཀྱི་ཞལ་རས་དེ་དྲན་བྱུང་།
ང་གཉིས་པོ་བྲལ་ནས་དུས་ཡུན་ག་ཚོད་སོང་ཡང་།
སྔར་སོང་གི་མཉམ་བཤིབས་ལོ་ཟླ་ངས་སེམས་གཏིང་ནས་བརྗེད་མེད།
ཁྱེད་ང་དང་བྲལ་ནས་འགྲོ་དགོས་པ་ཁྱེད་ཀྱི་ནོར་འཁྲུལ་ཡིན་མི་སྲིད་ལ།
ང་ཡང་ཁྱེད་དང་བྲལ་ནས་འགྲོ་དགོས་པ་ང་ཡི་ནོར་འཁྲུལ་ཡིན་མི་སྲིད།
བློ་ཕམ་དང་སེམས་སྐྱོ་དགོས་པའི་བརྩེ་དུང་དེ།
བྲལ་དགོས་པ་ང་གཉིས་གཉིས་ཀྱི་ནོར་འཁྲུལ་རེད།
དུས་ད་ཆ་ཁྱེད་ལ་འཚོ་བ་གསར་པ་ཞིག་ཡོང་སྲིད།
སྔར་སོང་ལས་ཡག་པ་དང་སྐྱིད་པ་ཡང་ཡོང་སྲིད།
མ་འོངས་ང་ཡང་འཚོ་བ་གསར་པ་ཞིག་ཡོང་སྲིད།