作曲 : 才让东珠
མཐུན་པ་གཡང་འཁྱིལ།
ཚིག འཇིག་མེད་འགྲོ་ཕན།
དབྱངས། ཚེ་རིང་དོན་གྲུབ།
གཞས་པ། ཚེ་རིང་དོན་གྲུབ།
བྲག་དང་ཤུག་པ་མཐུན་སོང་། །
མཐུན་པ་ནགས་དང་འདྲེས་སོང་། །
ཚང་ཚིང་སྨུག་སྤྲིན་ཐིབས་སེ། །
བརྩེ་བའི་རྒྱན་དུ་བརྟན་སོང་། །
ལས་དང་སྨོན་ལམ་མཐུན་སོང་། །
མཐུན་པ་སེམས་དང་འདྲེས་སོང་། །
སེམས་པ་ཆོས་བྱིན་སྤུངས་སེ། །
དགའ་བའི་གཡང་དུ་ཆགས་སོང་། །
དགའ་བའི་གཡང་དུ་ཆགས་སོང་། །
ཆུ་དང་ཉ་མོ་མཐུན་སོང་། །
མཐུན་པ་མཚོ་དང་འདྲེས་སོང་། །
མཚོ་མོ་རླབས་ཕྲེང་ཁྲིགས་སེ། །
དུང་བའི་བཅུད་དུ་འཁྱིལ་སོང་། །
ལས་དང་སྨོན་ལམ་མཐུན་སོང་། །
མཐུན་པ་སེམས་དང་འདྲེས་སོང་། །
སེམས་པ་ཆོས་བྱིན་སྤུངས་སེ། །
དགའ་བའི་གཡང་དུ་ཆགས་སོང་། །
དགའ་བའི་གཡང་དུ་ཆགས་སོང་། །