作曲 : 索南
རྟ་ཕོ།
གཞས་ཚིག སྐྱབས་བྷེ།
དབྱངས། བསོད་ནམས།
དབྱངས་བཅོས་སྒྲིག/རོལ་མོ། ཡོན་ཏན་མགོན་པོ།
གཞས་གཏོང་མཁན། བསོད་ནམས།
ལོ་ཟླ་ག་ཙམ་གྱི་རིང་ལ།
རྟ་ཕོ་འདི་རང་དབང་གི་རླུང་ནང་དུ་ཞོགས་མྱོང།
བུ་ཆུང་སྨྲེང་བའི་དུས་ཀྱི་ས་སྲོས་འདི་ལ།
རྟ་ཕོ་འཚེར་སྐད་ལྷིང་ལྷིང་གང་དུ་ཞོགས་སོང་།
ད་ལྟ་ང་ཡི་སེམས་ནང་སྨུག་པ་འཐིབ།
ད་ལྟ་ང་ཡི་སེམས་ནང་རེ་ཆད་འཁོར།
རེ་ཆད་ཁུར་གྱིས་གདུང་བའི་བུ་ཆུང་གི།
སེམས་ཀྱི་དཔའ་འཕང་རབ་ཏུ་དམའ་དུས་འདིར།
རྔོག་ཆུང་ཉི་ཟླ་བཞེངས་འདྲའི་རྟ་ཕོ་དེ།
འཚེར་སྐད་ལྷིང་ལྷིང་སྒྲོག་པའི་རྟ་ཕོ་དེ།
ནང་སེམས་ཆར་གྱིས་བྲན་པའི་རྟ་ཕོ་དེ།
ང་ཡི་རེ་ཆད་ཀློང་དུ་ཞོགས་ཡོང་ངམ།
མི་རྣམས་འུར་ཟིང་ནང་དུ་གཞས་གཏོང་ཞིང་།
ཡུར་གྱར་ལས་དབང་ཁུར་ཞིང་སྨྲེང་བ་བོར།
ང་རང་འཚོ་གཞིས་གནང་བའི་དུས་རབས་ནང་།
དུས་རླུང་འཇིགས་པའི་གཡོ་བའི་མཚམས་སྤྲིན་ཀློང་།
སེམས་ཀྱི་སྐྱིད་སྡུག་ཤེས་པའི་རྟ་ཕོ་དེ།
རྨིག་བཞི་ཆར་ནང་ཕྱོགས་པའི་རྟ་ཕོ་དེ།
སྨྲེང་བའི་བརྩེ་གདུང་ཁུར་བའི་རྟ་ཕོ་དེ།
རྣམ་རིག་རི་དྭགས་ཇི་བཞིན་ཞོགས་ཡོང་ངམ།