作词 : 龙赞博
作曲 : 久巴
༡.སྟོད་རྫ་རི་སྨིག་གི་བཟུང་ཡང་རུང་།།
རྒོད་ཐང་དཀར་ལྷ་ལམ་བསྙེགས་ཡང་རུང་།།
རྫ་སྨུག་པོ་རང་འདངས་མ་འགྱུར་ན།།
རྒོད་ཐང་དཀར་ཕྱིར་ལ་ཕེབས་ཉིན་ཡོད།།
༢.བར་མཚོ་མོ་དར་མཐའ་སྐོར་ཡང་རུང་། །
ཉྭ་གསེར་མོ་ཆུ་ཆེན་འདེད་ཡང་རུང་།།
མཚོ་སྔོན་པོ་ཁ་མདོག་མ་འགྱུར་ན།།
ཉྭ་གསེར་ཉྭ་ཕྱིར་ལ་ཕེབས་ཉིན་ཡོད།།
༣.སྨད་སྤང་ཐང་སྐྱ་བོ་གྱུར་ཡང་རུང་།།
རྐྱང་དར་མའི་ས་མཐའ་འཁྱམས་ཡང་རུང་།།
སྤང་སྔོན་མོ་ཁ་མདོག་མ་འགྱུར་ན། །
རྐྱང་དར་མ་ཕྱིར་ལ་ཕེབས་ཉིན་ཡོད། །
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།