编曲 : 卓松
སེར་བོ་གསེར་གྱི་ཞལ་འཛོམས།
ཚིག རི་ཇག
དབྱངས། བསྟན་པའི་རྒྱལ་མཚན།
གཞས་མ། སྒྲོན་བཟང་།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
བསིལ་མོ་ནགས་ལ་སྐྱེས་པའི།
ཤིང་དེ་ལྕང་མ་ལྗང་ཁུ །
ལྕང་གླིང་བྱེའུ་ཆུང་འཇོལ་མོ།
འཁོར་འཁོར་ཤིང་ལ་འཁོར་ཡོད།
དུས་ལ་འགྱུར་བ་ཐེབས་ནས།
ནགས་ཀློང་བརྗེ་དགོས་བྱུང་ཡང་།
གསེར་བོ་གསེར་གྱི་ཞལ་འཛོམས།
ཡལ་ག་ཕྲ་མོར་གནང་ཆོག །
ཡིད་ཀྱི་ན་དམར་གཞུང་གི།
རྟ་དེ་ཆུ་འབྲུག་ལྗང་ལོ།
དུས་མཐའི་སེམས་པ་གཉོམ་པོ།
འཁོར་འཁོར་རྟ་ལ་འཁོར་ཡོད།
འདང་ལ་གས་ཆག་ཤོར་ནས།
ས་མཐར་འཁྱམ་དགོས་བྱུང་ཡང་།
ང་དང་རྟ་ཕོའི་ཞལ་འཛོམས།
རྨི་ལམ་ནང་ནས་གནང་ཆོག །
བསིལ་མོ་ནགས་ལ་སྐྱེས་པའི།
ཤིང་དེ་ལྕང་མ་ལྗང་ཁུ །
ལྕང་གླིང་བྱེའུ་ཆུང་འཇོལ་མོ།
འཁོར་འཁོར་ཤིང་ལ་འཁོར་ཡོད།
དུས་ལ་འགྱུར་བ་ཐེབས་ནས།
ནགས་ཀློང་བརྗེ་དགོས་བྱུང་ཡང་།
གསེར་བོ་གསེར་གྱི་ཞལ་འཛོམས།
ཡལ་ག་ཕྲ་མོར་གནང་ཆོག །
ཡིད་ཀྱི་ན་དམར་གཞུང་གི།
རྟ་དེ་ཆུ་འབྲུག་ལྗང་ལོ།
དུས་མཐའི་སེམས་པ་གཉོམ་པོ།
འཁོར་འཁོར་རྟ་ལ་འཁོར་ཡོད།
འདང་ལ་གས་ཆག་ཤོར་ནས།
ས་མཐར་འཁྱམ་དགོས་བྱུང་ཡང་།
ང་དང་རྟ་ཕོའི་ཞལ་འཛོམས།
རྨི་ལམ་ནང་ནས་གནང་ཆོག །
རྨི་ལམ་ནང་ནས་གནང་ཆོག །