编曲 : 卓松
དྲིན་མ་ལོ་དགུང་གི་ཉི་མ་འདྲ།
རྗེད་མི་ཉན་སེམས་ཀྱི་དྲིན་ཆེན་ཡིན།
ཨ་མ།
གཞས་ཚིག ཆོས་འཕགས།
གཞས་གདངས། རྫོགས་ཆེན་བསྟན་འཛིན།
གཞས་མ། སྒྲོན་བཟང་།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
འདབ་དྲུག་ཁ་བ་ལྷབ་ལྷུབ་འབབ་དུས།།
དྲིན་ཅན་མ་ལོའི་ལྷག་བསམ་དྲན་གི།
ཞིམ་མངར་ཟས་ཀྱི་རོ་བཅུད་སྣུམ་པོ།།
བུ་མོར་གནང་བའི་བྱམས་ལྡན་ཨ་མ།།
ཨ་མ་་་་ ཨ་མ་ལགས།
ཁྱེད་ཀྱི་བྱམས་བརྩེ་སྣུམ་པོ།།
ང་ཡི་ཡིད་ཀྱི་བཅུད་ཡིན།།
ཁྱེད་ཀྱི་འཛུམ་མདངས་དྲོན་མོ།།
ང་ཡི་སེམས་ཀྱི་རྒྱན་ཡིན།།
དལ་འགྲོ་ཆུ་བོའི་རྒྱུན་བཟང་མཐོང་དུས།།
དྲིན་ཅན་མ་ལོའི་བརྩོན་སེམས་དྲན་གི།།
དྲོ་འཇམ་གོས་བཟང་བུ་མོར་བགོས་ཤིང་།།
གྲང་རླུང་ངར་མས་གདུང་བའི་ཨ་མ།།
ཨ་མ་་་་་ ་ ཨ་མ་ལགས།
ཁྱེད་ཀྱི་བྱམས་བརྩེ་སྣུམ་པོ།།
ང་ཡི་ཡིད་ཀྱི་བཅུད་ཡིན།།
ཁྱེད་ཀྱི་འཛུམ་མདངས་དྲོན་མོ།།
ང་ཡི་སེམས་ཀྱི་རྒྱན་ཡིན།།
གཅིག་པུ་མི་ཡུལ་ས་མཐར་འགྲིམ་དུས།།
དྲིན་ཅན་ཨ་མའི་འཛུམ་ཀོང་དྲན་གི།
དགའ་བདེ་ལོངས་སྤྱོད་བུ་མོར་བསྩོལ་ཞིང་།།
དཀའ་སྡུག་ལོ་ཟླས་འཚོ་བའི་ཨ་མ།།
ཨ་མ་་་ ཨ་མ་ལགས།
ཁྱེད་ཀྱི་བྱམས་བརྩེ་སྣུམ་པོ།།
ང་ཡི་ཡིད་ཀྱི་བཅུད་ཡིན།།
ཁྱེད་ཀྱི་འཛུམ་མདངས་དྲོན་མོ།།
ང་ཡི་སེམས་ཀྱི་རྒྱན་ཡིན།།
ང་ཡི་སེམས་ཀྱི་རྒྱན་ཡིན།།