作词 : 普尕索南
作曲 : 普尕索南
编曲 : 普尕索南
སྤྱིར་བཏང་གི་བཞུད་ལམ།
རྐང་ལམ་ཕྲ་མོར། ཐག་གཅོད་དཀའ་བྱུང་།
ཁྱོད་རང་བཞུད་ནམ། Via Via
ཆག་སླ་ཞིང་། ང་རྒྱལ་སྐྱེས།
འདི་ནི་ངའི་སྔོན་གྱི་བཟོ་ལྟ་ཡིན།
ཚབས་དྲག་ལངས་བཞིན། སེམས་ཁྲལ་བྱེད་ཞོར།
གང་དུ་འགྲོ་འམ། Via Via
གསང་བ་བཞིན་དུ། ཁ་རོག་གེར་བསྡད།
ཁྱོད་ཀྱིས་གཏམ་རྒྱུད་ཉན་བཞིན་ཡོད་དམ།
ང་སྔོན་ཆད་རི་དང་གཙང་བོ་བརྒལ་མྱོང་།
མི་ཚོགས་ཁྲི་འབུམ་ཁྲོད་ཡང་བསྐྱོད་མྱོང་།
ང་དེང་མ་ཡོད་ཚད་ཐོབ་མྱོང་ལ།
མིག་ལྡེབ་ཡུན་ཙམ་གྱིས་ཡལ་སོང་།
ང་སྔོན་ཆད་ཡིད་སེམས་ཕམ་ནས།
ཁ་ཕྱོགས་ཡོད་ཚད་ནོར་སོང་།
སྤྱིར་བཏང་འཚོལ་རྗེས་ད་གཟོད་དྲིས་ལན་ཉག་གཅིག་ཡིན་པ་རྟོགས།
ཁྱོད་ཀྱིས་ད་དུང་སྟོང་བསམ་བྱེད་དུས།
ཁྱོད་ཀྱི་སང་ཉིན། Via Via
ཁོ་མོ་བཟང་ངམ། དེ་ལས་སྡིག་ངེས།
ང་ལ་མཚོན་ན་ཉིན་མོ་གཞན་ཞིག་རེད།
ངས་སྔོན་ཆད་རང་གི་ཡོད་ཚད་བརླག་མྱོང་།
ནམ་ཡང་ཁ་འབྲེལ་འདོད་པར་བསམ།
ང་དེང་མ་མུན་ནག་ནང་དུ་ལྷུང་མྱོང་།
ཕྱིར་ཐར་བསམ་ཡང་དཀའ་ཐབ་བྲལ།
ང་སྔོན་ཆད་ཁྱོད་ཚོ་དང་འདྲ་བར་གཤིས་གཉོམ་ཡིན་དུས།
ཡིད་ཆད་མྱོང་། རེ་བསྙེགས་བྱས་མྱོང་།
ངུ་མ་དགོད་བཞིན་སྤྱིར་བཏང་འཚོལ།
ང་སྔོན་ཆད་རི་དང་གཙང་བོ་བརྒལ་མྱོང་།
མི་ཚོགས་ཁྲི་འབུམ་ཁྲོད་ཡང་བསྐྱོད་མྱོང་།
ང་དེང་མ་ཡོད་ཚད་ཐོབ་མྱོང་ལ།
མིག་ལྡེབ་ཡུན་ཙམ་གྱིས་ཡལ་སོང་།
ང་སྔོན་ཆད་ཡིད་སེམས་ཕམ་ནས།
ཁ་ཕྱོགས་ཡོད་ཚད་ནོར་སོང་།
སྤྱིར་བཏང་འཚོལ་རྗེས་ད་གཟོད་དྲིས་ལན་ཉག་གཅིག་ཡིན་པ་རྟོགས།
ངས་སྔོན་ཆད་རང་གི་ཡོད་ཚད་བརླག་མྱོང་།
ནམ་ཡང་ཁ་འབྲེལ་འདོད་པར་བསམ།
ང་དེང་མ་མུན་ནག་ནང་དུ་ལྷུང་མྱོང་།
ཕྱིར་ཐར་བསམ་ཡང་དཀའ་ཐབ་བྲལ།
ང་སྔོན་ཆད་ཁྱོད་ཚོ་དང་འདྲ་བར་གཤིས་གཉོམ་ཡིན་དུས།
ཡིད་ཆད་མྱོང་། རེ་བསྙེགས་བྱས་མྱོང་།
ངུ་མ་དགོད་བཞིན་སྤྱིར་བཏང་འཚོལ།
ང་སྔོན་ཆད་རི་དང་གཙང་བོ་བརྒལ་མྱོང་།
མི་ཚོགས་ཁྲི་འབུམ་ཁྲོད་ཡང་བསྐྱོད་མྱོང་།
ངས་དེང་མ་འཇིག་རྟེན་གང་བོར་དྲིས་ཡང་།
ནམ་ཡང་དྲིས་ལན་དེ་མ་རྙེད།
ང་སྔོན་ཆད་ཁྱོད་ཚོ་དང་འདྲ་བར་གཤིས་གཉོམ་ཡིན་དུས།
སིང་འུར་ཁྲོད། འདི་ནི་ང་རང་བགྲོད་པའི་ལམ་ཉག་གཅིག་རེད།
དུད་སྤྲིན་ནང་བཞིན།(དུས་ཚོད)འདི་ལྟར་ཡལ་སོང་།
སང་ཉིན་ཡོད་རེད། Via Via
རླུང་གཡུགས་སྲིད་པས། ལམ་སྔར་བཞིན་རིང་།
ཁྱོད་ཀྱི་གཏམ་རྒྱུད་གང་དུ་བཤད་འདུག