ང་ལ་རྨི་ལམ་ཞིག་ཡོད།
༡.ང་ལ་གངས་ལྗོངས་ཟེར་བའི་ཕ་ཡུལ་ཞིག་ཡོད།
ང་ལ་ཐོན་མི་ཟེར་བའི་མེས་པོ་ཞིག་ཡོད།
ང་ལ་དབྱངས་གསལ་ཟེར་བའི་དབྱངས་རྟ་ཞིག་ཡོད།
ང་ལ་རིག་གཞུང་ཟེར་བའི་རྒྱལ་ཕབ་ཞིག་ཡོད།
ང་ཡི་ལང་ཚོའི་སྟངས་སྟབས་འདི་གར་ལ་ཕུལ་བའི་མཆོད་པ་ཡིན།
ང་ཡི་ངག་གི་དབྱངས་རྟ་འདིའི་མ་གཅིག་ཚངས་དབྱངས་ལྷ་མོ་ལ་བསྟོད།
༢.ང་ལ་སྤང་ལྗོངས་ཟེར་བའི་རྩྭ་ཐང་ཞིག་ཡོད།
ང་ལ་ནོར་ནག་ཟེར་བའི་སྒོ་ཕྱུགས་ཞིག་ཡོད།
ང་ལ་སྦྲ་ནག་ཟེར་བའི་ཕ་གཞིས་ཞིག་ཡོད།
ང་ལ་འབྲོག་མི་ཟེར་བའི་སེམས་རྟེན་ཞིག་ཡོད།
ང་ལ་འབྲོག་མི་ཟེར་བའི་སེམས་རྟེན་ཞིག་ཡོད།
ཡི་གེ་དྲུག་མའི་གདངས་དབྱངས་འདི་ཡིད་ལ་དད་པའི་སེམས་གཞས་ཡིན།
ཁ་བ་ལྟ་བུའི་སེམས་པ་འདི་འབྲོག་ཕྲུག་ང་ཡི་གཤིས་ཀ་ཡིན།
༣.ང་ལ་དངུལ་དཀར་ཟེར་བའི་འཚོ་བ་ཞིག་ཡོད།
ང་ལ་སྒྱུ་རྩལ་ཟེར་བའི་རྨི་ལམ་ཞིག་ཡོད།
ང་ལ་མདུན་སྐྱོད་ཟེར་བའི་དམ་བཅའ་ཞིག་ཡོད།
ང་ལ་རང་ཉིད་འཚོལ་བའི་གཤིས་ཀ་ཞིག་ཡོད།
ང་ལ་རང་ཉིད་འཚོལ་བའི་གཤིས་ཀ་ཞིག་ཡོད།
ང་ཡི་མདུན་གྱི་ལམ་བུ་འདི་ཤུགས་ཀྱིས་བགྲོད་པའི་སྙིང་སྟོབས་ཡིན།
ང་ཡི་འཚོ་བའི་རྨི་ལམ་དེ་འོད་སྟོང་འཚེར་བའི་སྤོབས་པ་ཡིན།
ང་ཡི་མདུན་གྱི་ལམ་བུ་འདི་ཤུགས་ཀྱིས་བགྲོད་པའི་སྙིང་སྟོབས་ཡིན།
ང་ཡི་འཚོ་བའི་རྨི་ལམ་དེ་འོད་སྟོང་འཚེར་བའི་སྤོབས་པ་ཡིན།
翻译贡献者:普尕索南