作词 : 索朗见参
编曲 : 金巴Kimba
ཨེ་ཡུལ་ཆུ་གསུམ། 艾域曲松
ཚིག བསོད་ནམས་རྒྱལ་མཚན།
作词:索朗见参
གདངས། ཚེ་དབང་ནོར་བུ།
作曲:次旺罗布
ལེན་མཁན། བསོད་ནམས་རྒྱལ་མཚན།
演唱:索朗见参
༡
མཛེས་སྡུག་རྣམ་པར་བཀྲ་བའི་ཆུ་གསུམ་ཡུལ།
美丽曲松如诗如画
ཆུ་མདོ་རྒྱང་གི་རྩྭ་ཐང་མཛེས་ཞིང་ཡངས།
邱多江草原广阔无垠
སེའུ་ཆུ་ཚན་ངོ་མཚར་ཕན་ནུས་ཆེ།
色吾温泉妙手回春
ཨེ་ལྷ་རྒྱ་རིའི་ཕོ་བྲང་བརྗིད་ཞིང་ཆགས།
拉加里王宫威严庄重
ལོ་རྒྱུས་འོད་སྟོང་འབར་བའི་ཆུ་གསུམ་ཡུལ།
人文荟萃之曲松
སྦས་ཡུལ་གྲོག་རོང་ཆེན་མོ་ཡིད་འོང་གནས།
白玉沟峡谷之深邃
གནའ་ཉམས་ལྡན་པའི་ཨེ་བྲོ་ལོངས་སུ་སྤྱད།
久远卓舞之曼妙
སྲོང་བཙན་སྒམ་པོའི་གདུང་རྒྱུད་གནས་ཡུལ་ཡིན།
松赞后裔故居曲松
ལྷན་རྒྱས་འདི་ལ་འཛོམས་ཤོག
望大家相聚于此
གྲོགས་པོ་འདི་ལ་ཕེབས་དང་།
静候五湖四海的友人
སྐུ་ཉིད་ཆུ་གསུམ་ཡུལ་ལ་ཕེབས་དང་།
在此圣洁曲松
ལྷན་རྒྱས་འདི་ལ་འཛོམས་ཤོག
望大家相聚于此
གྲོགས་པོ་འདི་ལ་ཕེབས་དང་།
静候五湖四海的友人
སྐུ་ཉིད་ཆུ་གསུམ་ཡུལ་ལ་ཕེབས་དང་།
在此圣洁曲松
༢
ཨིན་ཀ་མིན་ཀ་ང་ཚོའི་ཡུལ་སྐད་ཡིན།
“嗯嘎 门嘎” “咏呗 咏呗”
ཡོང་བས་ཡོང་བས་ང་ཚོའི་འཚམས་འདྲི་ཡིན།
亲切乡音彰显热情
ཆུ་མོ་རྣམ་གསུམ་ང་ཚོའི་ལྷག་བསམ་ཡིན།
悠悠“三河”尽显赤诚
སེམས་རྩ་འཁོལ་བའི་ཆུ་གསུམ་མི་རྣམས་དགའ།
热情淳朴的曲松儿女
ཐོན་ཁུངས་ཕུན་སུམ་ཚོགས་པའི་ཆུ་གསུམ་ཡུལ།
物华天宝的圣地曲松
ཅོ་ཇོའི་སྐྱེས་ས་འཚར་སའི་ཕ་ཡུལ་ཡིན།
滋养我的故乡
ཕ་ཡུལ་སྟོབས་འབྱོར་མངའ་ཐང་རྒྱས་པར་སྨོན།
望此圣地欣欣向荣
ཡུལ་མི་བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག
乡亲故知幸福安康
ལྷན་རྒྱས་འདི་ལ་འཛོམས་ཤོག
望大家相聚于此
གྲོགས་པོ་འདི་ལ་ཕེབས་དང་།
静候五湖四海的友人
སྐུ་ཉིད་ཆུ་གསུམ་ཡུལ་ལ་ཕེབས་དང་།
在此圣洁曲松
ལྷན་རྒྱས་འདི་ལ་འཛོམས་ཤོག
望大家相聚于此
གྲོགས་པོ་འདི་ལ་ཕེབས་དང་།
静候五湖四海的友人
སྐུ་ཉིད་ཆུ་གསུམ་ཡུལ་ལ་ཕེབས་དང་།
在此圣洁曲松
༣
མཛེས་སྡུག་རྣམ་པར་བཀྲ་བའི་ཆུ་གསུམ་ཡུལ།
美丽曲松如诗如画
ཆུ་མདོ་རྒྱང་གི་རྩྭ་ཐང་མཛེས་ཞིང་ཡངས།
邱多江草原广阔无垠
སེའུ་ཆུ་ཚན་ངོ་མཚར་ཕན་ནུས་ཆེ།
色吾温泉妙手回春
ཨེ་ལྷ་རྒྱ་རིའི་ཕོ་བྲང་བརྗིད་ཞིང་ཆགས།
拉加里王宫威严庄重
ལོ་རྒྱུས་འོད་སྟོང་འབར་བའི་ཆུ་གསུམ་ཡུལ།
人文荟萃之曲松
སྦས་ཡུལ་གྲོག་རོང་ཆེན་མོ་ཡིད་འོང་གནས།
白玉沟峡谷之深邃
གནའ་ཉམས་ལྡན་པའི་ཨེ་བྲོ་ལོངས་སུ་སྤྱད།
久远卓舞之曼妙
སྲོང་བཙན་སྒམ་པོའི་གདུང་རྒྱུད་གནས་ཡུལ་ཡིན།
松赞后裔故居曲松
ལྷན་རྒྱས་འདི་ལ་འཛོམས་ཤོག
望大家相聚于此
གྲོགས་པོ་འདི་ལ་ཕེབས་དང་།
静候五湖四海的友人
སྐུ་ཉིད་ཆུ་གསུམ་ཡུལ་ལ་ཕེབས་དང་།
在此圣洁曲松
ལྷན་རྒྱས་འདི་ལ་འཛོམས་ཤོག
望大家相聚于此
གྲོགས་པོ་འདི་ལ་ཕེབས་དང་།
静候五湖四海的友人
སྐུ་ཉིད་ཆུ་གསུམ་ཡུལ་ལ་ཕེབས་དང་།
在此圣洁曲松
སྐུ་ཉིད་ཆུ་གསུམ་ཡུལ་ལ་ཕེབས་དང་།
在此圣洁曲松