作词 : 索朗见参
作曲 : 金巴Kimba
编曲 : 金巴Kimba
རྣམ་ཐར། བསོད་ནམས་དབང་ཕྱུག
藏戏:索朗旺久
རབ་དཀར་གངས་རིས་བསྐོར་བའི་འཛམ་གླིང་གི་ཡང་རྩེ།
雪山环绕的世界屋脊
སྐྱེས་འགྲོའི་ཡིད་ཀྱི་བརྟན་པ་འཕྲོག་ས་ཡི་གནས་མཆོག
人类心之所依的圣地
ཡིད་འོང་སྙན་དབྱངས་ཕོ་ཉའི་བསུ་བ་དང་འགྲོགས་ཏེ།
伴随着优美的音乐声
ང་ཚོ་མཉམ་དུ་ས་མཐོའི་མཛེས་ལྗོངས་ལ་བལྟས་མོར་འགྲོ
一同去游览西藏美景
དགའ་སྤྲོས་བོད་ཡུལ་སྐོར།
乐游·西藏
ཚིག བསོད་ནམས་རྒྱལ་མཚན།
作词:索朗见参
གདངས། སྦྱིན་པ།
作曲:金巴
ལེན་མཁན། བསོད་ནམས་རྒྱལ་མཚན།
原唱:索朗见参
编曲.混录.母带.和声:金巴
༡
ཚར་རྒྱུ་མེད་པའི་ལས་ཀ་ཕར་བཞག
放下没完没了的工作
ཕྱི་རོལ་འཇིག་རྟེན་ཡུལ་ལ་བལྟས་མོར་འགྲོ
去看大千世界的美景
རྫོགས་རྒྱུ་མེད་པའི་རྨི་ལམ་ཕར་དབྱུགས།
抛开永无止境的梦想
འགྲོ་བསམ་པའི་ས་ཆ་འདི་ལ་འགྲོ
游览心之所向之地
མོ་ཊའི་གཞས་འདི་སྐད་ཆེན་པས་བཏང་།
大声播放车子音乐
དགའ་བའི་མི་རྣམས་མཉམ་དུ་འཁྲིད།
同心爱之人
གངས་རི་རྩྭ་ཐང་བཅད་ནས་འགྲོ
翻过雪山 越过草原
རི་ཀླུང་ཐང་གསུམ་བརྒལ་ནས་འགྲོ
跋山涉水 翻山越岭
འགྲོ ལང་ཚོ་མ་ཡལ་གོང་ལ་འགྲོ
走 趁青春还在
བོད་ཀྱི་ཡུལ་ལ་ཡུལ་སྐོར་འགྲོ
游览西藏各地美景
འགྲོ དྲོད་འཇམ་ཉི་འོད་མཉམ་དུ་འགྲོ
走 同明媚阳光
སེམས་ཀྱི་བདེ་བ་འཚོལ་བར་འགྲོ
去寻找内心的安逸
༢
བསུན་སྣང་གནོན་ཤུགས་ཕམ་ཁ་ཕར་བཞག
放下心中烦恼与压力
ཕྱི་རོལ་འཇིག་རྟེན་ཡུལ་ལ་བལྟས་མོར་འགྲོ
去看大千世界的美景
ཁོང་ཁྲོ་ང་རྒྱལ་ཕྲག་དོག་ཕར་དབྱུགས།
丢弃内心愤怒与嫉妒
འགྲོ་བསམ་པའི་ས་ཆ་འདི་ལ་འགྲོ
游览心之所向之地
རང་ལ་དབང་བའི་འཇིག་རྟེན་ཆུང་ཆུང་ནང་།
在自己的小小世界里
དོན་སྙིང་ལྡན་པའི་ལས་ཀ་བྱས།
做无悔的事情
དགའ་བའི་མི་ལ་གཅེས་འཛིན་བྱས།
珍惜心爱之人
འགྲོ་འདོད་བསམས་པའི་ཡུལ་ལ་ཕྱིན།
去看心向之地
འགྲོ ལང་ཚོ་མ་ཡལ་གོང་ལ་འགྲོ
走 趁青春还在
བོད་ཀྱི་ཡུལ་ལ་ཡུལ་སྐོར་འགྲོ
游览西藏各地美景
འགྲོ དྲོད་འཇམ་ཉི་འོད་མཉམ་དུ་འགྲོ
走 同明媚阳光
སེམས་ཀྱི་བདེ་བ་འཚོལ་བར་འགྲོ
去寻找内心的安逸
ཁ་བཤད། སྦྱིན་པ།
说唱:金巴
ཉི་འོད་གྲོང་འཁྱེར་ལྷ་སའི་ཡུལ་ལ་འགྲོ
到阳光之城拉萨
བོད་མིའི་འབྱུང་ཁུངས་ལྷོ་ཁའི་ཡུལ་ལ་འགྲོ
到藏民之源山南
ནས་ཀྱི་ཕ་ས་གཞིས་རྩེའི་ཡུལ་ལ་འགྲོ
到青稞之乡日喀则
འཛམ་གླིང་ཡང་རྩེ་མངའ་རིས་ཕྱོགས་ལ་འགྲོ
到世界屋脊阿里
མཛེས་སྡུག་ལྡན་པའི་ཀོང་པོའི་ཡུལ་ལ་འགྲོ
到醉美林芝
སྤྲོ་སྤྲོ་ཁམས་པ་ཆབ་མདོའི་ཡུལ་ལ་འགྲོ
到卓卓康巴昌都
བྱང་གི་རྩྭ་ཐང་ནག་ཆུའི་ཡུལ་ལ་འགྲོ
到藏北草原那曲
རང་རང་སེམས་ཀྱི་ཁ་ཕྱོགས་མཉམ་དུ་འགྲོ
去追随心之所向
འགྲོ ལང་ཚོ་མ་ཡལ་གོང་ལ་འགྲོ
走 趁青春还在
བོད་ཀྱི་ཡུལ་ལ་ཡུལ་སྐོར་འགྲོ
游览西藏各地美景
འགྲོ དྲོད་འཇམ་ཉི་འོད་མཉམ་དུ་འགྲོ
走 同明媚阳光
སེམས་ཀྱི་བདེ་བ་འཚོལ་བར་འགྲོ
去寻找内心的安逸
འགྲོ ལང་ཚོ་མ་ཡལ་གོང་ལ་འགྲོ
走 趁青春还在
བོད་ཀྱི་ཡུལ་ལ་ཡུལ་སྐོར་འགྲོ
游览西藏各地美景
འགྲོ དྲོད་འཇམ་ཉི་འོད་མཉམ་དུ་འགྲོ
走 同明媚阳光
སེམས་ཀྱི་བདེ་བ་འཚོལ་བར་འགྲོ
去寻找内心的安逸