编曲 : 热振·格桑/极地音符发布
གངས་རི་སྦྲ་ཁྱིིམ་སྨུག་པོ།
ཚིགོ། གྲི་རྐྱང་ཚེ་རིང་རྡོ་རྗེ།
དབྱངས། སྲི་ཐར་རྡོ་རྫེ།
གླུ་བོ། རྭ་སྒྲེང་སྐལ་བཟང་།
དྲྭ་ལམ་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
ང་གངས་རི་སྦྲ་ཁྱིམ་སྨུག་པོའི་ནང་ནས་འོངས།།
ལྷ་དཀོན་མཆོག་རྣམ་གསུམ་དད་ཕྱག་བགྱིད།།
ཆུ་ཡན་ལག་བརྒྱད་ལྡན་མཆོད་པ་འབུལ།།
རྟ་ནོར་ལུག་གངས་རི་རྩྭ་ཐང་རྒྱན།།
ཨཱ་་་ཨཱ་་་
བསྟོད་པའི་གླུ་དབྱངས་ལེན་བཞིན་འོངས།།
ཨཱ་་་ཨཱ་་་
དགའ་བའི་འཛུམ་མདངས་ཤར་བཞིན་འོངས།།
ང་གངས་རི་སྦྲ་ཁྱིམ་སྨུག་པོའི་ནང་ནས་འོངས།།
དབྱངས་གསལ་བྱེད་སོ་བཞི་འདོན་ཀློག་བྱས།།
ལྷ་འཇམ་པའི་དབྱངས་ལ་མཆོད་པ་འབུལ།།
གནས་བཅུ་ཕྲག་རིག་གཞུང་མེ་ཏོག་བཀྲ།།
ཨཱ་་་་་་་་ཨཱ་་་་་
བསྟོད་པའི་སྙན་ངག་བརྩམས་བཞིན་འོངས།།
དགའ་བའི་སེམས་པ་སྤྲོ་བཞིན་འོངས།།
ང་གངས་རི་སྦྲ་ཁྱིམ་སྨུག་པོ་ནང་ནས་འོངས།།
དྲིན་ཆེ་བའི་ཕ་མའི་བསླབ་བྱ་ཉོན།།
དགེ་སློབ་དཔོན་དམ་པའི་ཡོན་ཏན་སློབ།།
ཡིད་དགའ་བའི་སེམས་པ་འདིར་ན་ཡོད།།
ཨཱ་་་ཨཱ་་་་
བྱ་བ་བཟང་བོ་སྒྲུབ་བཞིན་འོངས།།
ཨཱ་་་ཨཱ་་་་
འགྱུར་མེད་བརྩེ་སེམས་རྡོ་རྗེ་བྲག།
ཨཱ་་་ཨཱ་་་་
བྱ་བ་བཟང་བོ་སྒྲུབ་བཞིན་འོངས།།
ཨཱ་་་ཨཱ་་་་
འགྱུར་མེད་བརྩེ་སེམས་རྡོ་རྗེ་བྲག།