编曲 : 热振·格桑/极地音符发布
འབྲི་གུང་ལྟག་གཡུ།
ཚིག ལུང་རྟོག་རྒྱ་ཚོ།
དབྱངས། དམངས་གཞས།
གཞས་པ། རྭ་སྒྲེང་སྐལ་བཟང་། ཀུན་བཟང་།
གླུ་གཞས་ཁྱབ་སྤེལ། མཐོ་སྒང་གི་དབྱངས་རྟ་ལས་སྒྲུབ་ཁང་།
ཨ་ཅེའི་མགོ་ལ་བཏགས་པའི་དཔྲལ་གཡུ་འདི
མཛེས་ལྡན་ཨ་ཅེ་རང་ལ་ལེན་སེ་ལེན
ཨ་ཅེས་དང་དོད་བྱས་ནས་བཏགས་ལེ་དང་མིན
འདི་ནི་ལྷ་དང་སྲུང་མའི་སྲུང་བ་རེད
ཨ་ཅེའི་མགོ་ལ་བཏགས་པའི་རྒྱབ་གཡུ་འདི
མཛེས་ལྡན་ཨ་ཅེ་རང་ལ་སྤམ་སེ་སྤམ
ཨ་ཅེས་དང་དོད་བྱས་ནས་བཏགས་ལེ་དང་མིན
འདི་ནི་ཕ་དང་མེས་པོའི་ཤུལ་བཞག་རེད
ཨ་ཅེའི་མགོ་ལ་བཏགས་པའི་གཡུ་ཆུང་འདི
མཛེས་ལྡན་ཨ་ཅེ་རང་ལ་མཆོར་སེ་མཆོར
ཨ་ཅེས་དང་དོད་བྱས་ནས་བཏགས་ལེ་མིན
འདི་ནི་ཡུལ་དང་ལུང་པའི་ཁྱད་ཆོས་རེད
འདི་ནི་ཡུལ་དང་ལུང་པའི་ཁྱད་ཆོས་རེད
འདི་ནི་ཡུལ་དང་ལུང་པའི་ཁྱད་ཆོས་རེད