作词 : 玛·嘎尔金
作曲 : 罗萨
ང་ཚོ་བོད་པ།
དབྱངས། བློ་གསལ།
ཚིག ༼མཱ༽སྐར་རྒྱན།༜
གཞས་པ།ཕུར་བ་སྐྱབས།
ཇོ་མོ་གླང་མའི་ཁ་མདོག་དཀར་དཀར་ཡིན།།
སྒོ་ཕྱུགས་འབྲི་མོ་འོ་མ་དཀར་དཀར་ཡིན།།
གཡང་མོ་ལུག་གི་བལ་ཁ་དཀར་དཀར་ཡིན།།
ང་ཚོ་བོད་པའི་སེམས་པ་དཀར་དཀར་ཡིན།།
དབྱངས་གསལ་སོ་བཞིའི་སྒྲ་གདངས་དྭངས་གཙང་ཡིན།།
སྦྲང་དཀར་རྩམ་པའི་ཟས་འདི་དྭངས་གཙང་ཡིན།།
རྨ་རྫ་འབྲི་ཡི་རྦ་རླབས་དྭངས་གཙང་ཡིན།།
ང་ཚོ་བོད་པའི་སེམས་པ་དྭངས་གཙང་ཡིན།།
རྩ་བའི་བླ་མའི་གདམས་ངག་ཞི་བདེ་ཡིན།།
དཔོན་པོ་བཟང་བོ་བཀའ་གསུང་ཞི་བདེ་ཡིན།།
དགེ་རྒན་དམ་པའི་བསླབ་བྱ་ཞི་བདེ་ཡིན།།
ང་ཚོ་བོད་པའི་སེམས་པ་ཞི་བདེ་ཡིན།།