ཨ་ཅེ་སྣང་ས།
ཚིག དམངས་གཞས།
གདངས། གཙང་པ་ནོར་བུ།
གླུ་པ། གཙང་པ་ནོར་བུ།
སེར་པོ་སྟོན་ཁའི་འབྲས་བུ།
ཨ་ཅེ་སྣང་ས་འོད་འབུམ་ལ།
འབྲས་བུ་སྙེ་མའི་རྒྱ་མཚོ།
རི་ནང་དཔོན་པོ་སྒྲ་ཆེན་ལགས།
འབྲས་བུ་སྙེ་མའི་རྒྱ་མཚོ།
རི་ནང་དཔོན་པོ་སྒྲ་ཆེན་ལགས།
སྙན་པོ་བཞུགས་གྲལ་ཆང་གཞས།
ཨ་ཅེ་སྣང་ས་འོད་འབུམ་ལགས།
ཆང་གཞས་རྣ་བའི་བུ་རམ།
དཔོན་ལ་གྲགས་ཆེན་གྲགས་པ་བསམ་གྲུབས་ལ།
ཆང་གཞས་རྣ་བའི་བུ་རམ།
དཔོན་ལ་གྲགས་ཆེན་གྲགས་པ་བསམ་གྲུབས་ལ།
དཀར་མོ་ནས་ཀྱི་ཆོས་ཆང་།
ཨ་ཅེ་སྣང་ས་འོད་འབུམ་ལ།
ནས་ཆང་སིལ་མའི་གཡུ་མཚོ།
གྲགས་པ་བསམ་གྲུབས་ཨ་ཅེ་སྣང་ས་ལ།
ནས་ཆང་སིལ་མའི་གཡུ་མཚོ།
གྲགས་པ་བསམ་གྲུབས་ཨ་ཅེ་སྣང་ས་ལ།
སྐྱིད་པོ་རང་ཡུལ་འཚོ་བ།
ཨ་ཅེ་སྣང་ས་འོད་འབུམ་ལ།
ངའི་སྐྱིད་པའི་ཕ་ཡུལ་དཀྱིལ་དུ།
ཨ་ཅེ་སྣང་ལ་ལྷ་བུ་དར་བུ་ལགས།
ངའི་སྐྱིད་པའི་ཕ་ཡུལ་དཀྱིལ་དུ།
ཨ་ཅེ་སྣང་ལ་ལྷ་བུ་དར་བུ་ལགས།
ངའི་སྐྱིད་པའི་ཕ་ཡུལ་དཀྱིལ་དུ།
གྲགས་པ་བསམ་གྲུབས་ཨ་ཅེ་སྣང་ས་ལགས།
ལྷ་བུ་དར་བུ་ལགས།