༼གསོལ་ཇ་མངར་མོ།༽
ཁ་གཅིག་སྐོམ་པའི་དུས་ལ།
ཇ་ལས་ཞིམ་པ་མིན་འདུག།
ཇ་ཁང་ནང་དུ་ཕེབས་མཁན།
ལས་མེད་རེད་ཟེར་མ་གསུངས།
མཁྱེན་ལྡན་དབང་མེད་རྣམ་ཚོ།
འདི་ལ་ཕེབས་འདོད་གནང་གི།
མཁྱེན་ལྡན་དབང་མེད་རྣམ་ཚོ།
འདི་ལ་ཕེབས་འདོད་གནང་གི།
ཡ་གིའི་མི་ཆེན་དཔོན་པོ།
མཛད་བྲེལ་གང་འདྲ་ཡོད་མིན།
མ་གིའིདམངས་དང་མི་སེར།
སྐྱིད་སྡུག་གང་འདྲ་ཡོད་མིན།
ཡ་མཚན་གསར་འགྱུར་གསན་ན།
ཇ་ཁང་ནང་དུ་ཕེབས་ཤོག།
གསོལ་ཇ་མངར་མོ་མཆོད་མཁན།
གསོལ་མར་མེད་པ་མ་རེད།
ཧུབ་གང་བཏུང་བ་ཙམ་གྱི།
ལུས་སེམས་བདེ་ལ་འབབ་སོང་།
ཁྱེད་ལ་སེམས་ངལ་ཡོད་ན།
སྐུ་རྐྱང་ནང་ལ་མ་བཞུགས།
ཇ་ཁང་ནང་གི་གཏམ་རྒྱུད།
ལྷ་སྒྲུང་ལས་ཀྱང་སྙན་པ།
སྤྱི་ཡི་རྒྱལ་ཁབ་སྐྱོངས་ལུགས།
སྒེར་གྱི་འཚོ་བ་སྐྱེལ་སྟང་།
ཐབས་དང་སྒྲུབ་མཐའི་དངོས་སྒྲུབ།
ཇ་ཁང་ནང་ནས་ཐོབ་ཡོང་།
ཐབས་དང་སྒྲུབ་མཐའི་དངོས་སྒྲུབ།
ཇ་ཁང་ནང་ནས་ཐོབ་ཡོང་།
སྤྱི་ཡི་རྒྱལ་ཁབ་སྐྱོངས་ལུགས།
སྒེར་གྱི་འཚོ་བ་སྐྱེལ་སྟང་།
ཐབས་དང་སྒྲུབ་མཐའི་དངོས་སྒྲུབ།
ཇ་ཁང་ནང་ནས་ཐོབ་ཡོང་།
ཐབས་དང་སྒྲུབ་མཐའི་དངོས་སྒྲུབ།
ཇ་ཁང་ནང་ནས་ཐོབ་ཡོང་།
ཐབས་དང་སྒྲུབ་མཐའི་དངོས་སྒྲུབ།
ཇ་ཁང་ནང་ནས་ཐོབ་ཡོང་།
ཐབས་དང་སྒྲུབ་མཐའི་དངོས་སྒྲུབ།
ཇ་ཁང་ནང་ནས་ཐོབ་ཡོང་།
ཇ་ཁང་ནང་ནས་ཐོབ་ཡོང་།