作曲 : 歌手索南多杰
编曲 : 歌手索南多杰
སློབ་གྲོགས། 同学
གཞས་ཚིག ཞི་བདེ་ཉི་མ།
词:西德尼玛
གཞས་དབྱངས། བསོད་ནམས་སྟོབས་རྒྱལ།
曲:索南多杰
གཞས་པ། བསོད་ནམས་སྟོབས་རྒྱལ།
演唱:索南多杰
ཁ་སང་གི་འཛུམ་ཆུང་དྭངས་མོ་ཡལ་རྒྱུ་མ་བྱུང་།
昨日的微笑依旧未散,
འུ་ཅག་གི་མིག་ལམ་ན་འཛུམ་འཛུམ། འཛུམ་འཛུམ།
显现在我们的眼前,甜蜜蜜
ཁ་སང་གི་སེམས་གཏམ་དྲོན་མོ་བརྗེད་རྒྱུ་མ་བྱུང་།
昨日的故事还未说尽,
འུ་ཅག་གི་རྣ་ལམ་ན་དུངས་དུངས། དུངས་དུངས།
回荡在我们的耳边,一遍遍
ལོ་ཟླ་ཡི་ཆུ་རྒྱུན་རིང་མོ་ཆད་རྒྱུ་མ་བྱུང་།
岁月如溪水连绵不断,
འུ་ཅག་གི་སེམས་ཁོངས་སུ་ཤག་ཤག ཤག་ཤག
流淌在我们的心中,哗啦啦
སློབ་གྲོགས་ལགས།
同学啊,
རང་ཚུགས་རུས་པར་བརྐོས་པའི་སློབ་གྲོགས།
充满自信的同学,
རིག་པའི་ཁོ་ལག་རྫོགས་པའི་སློབ་གྲོགས།
充满智慧的同学,
བདེན་པའི་བློ་མིག་དྲང་པའི་སློབ་གྲོགས།
坚持真理的同学,
མཛའ་བཤེས་ཕྱི་ཐག་རིང་བའི་སློབ་གྲོགས།
情谊长久的同学,
སྐྱིད་པོ་བཞིན་ལ་ཤད་ལེ།
幸福美满,
བདེ་མོ་སེམས་ལ་དྲོད་ལེ།
温暖无比,
འུ་ཅག་ཚེ་རིང་ལོ་བརྒྱ།
愿我们长寿。
བརྩེ་ཞེན་གྱིས་ཕྱུག་པའི་དགེ་རྒན་བརྗེད་རྒྱུ་མ་བྱུང་།
恩师的教诲永不忘记,
འུ་ཅག་གི་མི་ཚེའི་ཁྲོད་གསལ་གསལ། གསལ་གསལ།
照亮了我们的人生,光芒万丈
དགའ་སྐྱོ་ཡིས་ཁེངས་པའི་སློབ་གླིང་ཡལ་རྒྱུ་མ་བྱུང་།
悲欢的故事从未消散,
འུ་ཅག་གི་རྨི་ལམ་ཁྲོད་ལྷང་ལྷང་། ལྷང་ལྷང་།
环绕在我们的梦想之中,一清二楚
གསང་གཏམ་གྱི་ལྗོན་པའི་ལོ་འདབ་སྐམ་རྒྱུ་མ་བྱུང་།
秘密的柳枝永不干枯,木萧萧
འུ་ཅག་གི་ལང་ཚོའི་ཁྲོད་ལྕུག་ལྕུག ལྕུག་ལྕུག
伸展在我们的青春年华。
སློབ་གྲོགས་ལགས།
同学啊,
རང་ཚུགས་རུས་པར་བརྐོས་པའི་སློབ་གྲོགས།
充满自信的同学,
རིག་པའི་ཁོ་ལག་རྫོགས་པའི་སློབ་གྲོགས།
充满智慧的同学,
བདེན་པའི་བློ་མིག་དྲང་པའི་སློབ་གྲོགས།
坚持真理的同学,
མཛའ་བཤེས་ཕྱི་ཐག་རིང་བའི་སློབ་གྲོགས།
情谊长久的同学,
སྐྱིད་པོ་བཞིན་ལ་ཤད་ལེ།
幸福美满,
བདེ་མོ་སེམས་ལ་དྲོད་ལེ།
温暖无比,
འུ་ཅག་ཚེ་རིང་ལོ་བརྒྱ།
愿我们长寿。