སྨོན་འདུན་ཡག་པོ།
ཚིག ཙག་པ་ཨ་དྭངས།
དབྱངས ནམ་མཁའ་དཔལ་ལྡན།
གཞས་པ ཨ་དགའ་མགོན་པོ
སྡེ་ཡག་པ་རྟགས་བརྒྱད་རི་མོས།
སྐྱིད་གཡང་གི་ཡོས་ལོ་ཚེས་ཡོད།
ལོ་གསར་བའི་སྐྱ་རེངས་དང་པོ།
སྐྱིད་གཡང་གི་གཞུང་ནས་བསུསཡོད།
སྡེ་ཡག་པ་ནོར་བུ་གསུམ་འཛོམས།
སྐྱིད་གཡང་གི་ཡོས་ལོ་ཚེས་ཡོད།
ལོ་གསར་བའི་ཉི་གཞོན་དང་པོ།
སྐྱིད་གཡང་གི་གཞུང་ནས་བསུས་ཡོད།
སྡེ་ཡག་པ་གཡང་དྲུང་རི་མོ།
གཡང་སྐྱིད་པའི་ཡོས་ལོ་ཚེས་ཡོད།
ལོ་གསར་བའི་བཀྲ་ཤིས་མཆོད་པ།
སྐྱིད་གཡང་གི་གཞུང་ནས་བསུས་ཡོད།
སྡེ་ཡག་པ་མཐུན་པ་སྤུན་བཞི།
ནང་ཕྱྭ་གཡང་སྟོང་གིས་ཚེས་ཡོད།
ལོ་གསར་བའི་སྨོན་འདུན་ཡག་པོ།
སྐྱིད་གཡང་གི་གཞུང་ནས་བསུས་ཡོད།