གནས་འགྲོ་བུ་མོ།
སྨན་གནས་འགྲོའི་སྐྲ་ལོ་ལྷ་ཆུས་བཀྲུས།།
སྤུན་མིང་སྲིང་སྟོང་གིས་མཐའ་ནས་བསྐོར།།
གསེར་གྱི་ལེར་ཉི་མ་ཤར་དུས་ན།།
ལུས་ལང་ཚོ་དབྱར་མགོ་མེ་ཏོག་འདྲ།།
སྨན་གནས་འགྲོའི་མིག་ཟུང་མཆོང་གི་མིག།
མིག་ཁྲ་ཆུང་འཛུམ་ན་མེ་ཏོག་དགོད།།
ལས་རླུང་རྟའི་རི་མོ་རང་འགྲུབ་རེད།།
རྒྱབ་དུང་དཀར་བར་ན་གནས་སྐད་སྒྲོག།
སྨན་གནས་འགྲོ་བུ་མོ་རྨ་བྱ་ཡིན།།
ལུས་མཇའ་དྲུག་རི་མོ་རང་འགྲུབ་ཡིན།།
གཟུགས་སྐྱེས་ཡག་ཚིགས་དྲུག་སྨྱུག་མ་ཡིན།།
ཕྱི་ཁྲོམ་པའི་མིག་གི་བདུད་རྩི་ཡིན།།
སྨན་གནས་འགྲོཡིད་བཞིན་ནོར་བུ་ཡིན།།
ལག་འཛུབ་མོའི་བར་ན་འབྲི་མར་ལྡེམ།།
ཕྱུགས་ཡར་སོང་གསུམ་གྱི་ཟས་བཅུད་དེ།།
སྡེ་ཁྲ་ཁྲ་ཡར་འགྲོའི་རྟེན་འབྲེལ་ཡིན།།