作词 : 阿诺仓
作曲 : 三智才让
ང་ནི་འབྲོག་ཕྲུག་ཞིག་སྟེ། རྩྺ་ཐང་གི་འབྲོག་ཕྲུག་ཞིག་ཡིན།
ང་ནི་འབྲོག་ཕྲུག་ཞིག་སྟེ། མཐོ་སྒང་གི་འབྲོག་ཕྲུག་ཞིག་ཡིན།
སྤྲིན་པ་ལེབ་མོ་ཆབས་སུ་རེ་ཞིང།
རི་དང་གཙང་བོའི་རྒྱ་མཚོ་བརྒལ་དུས།
རྐང་ལ་ཡོད་པའི་གཤིས་རྒྱུད་དཀར་པོ།
འཇིག་རྟེན་མི་ཡི་ལུང་པར་ཕུལ་ཡོད།
སོ་ཡ་རེ་ལོ་
ང་གངས་འདབས་ནས་སྐྱེས་ཤིང།ང་གངས་འདབས་ནས་ཆས་འགྲོ། སླར་གངས་འདབས་ལ་ལོག་ཡོང།
ང་ནི་འབྲོག་ཕྲུག་ཞིག་སྟེ། དུས་རབས་ཀྱི་འབྲོག་ཕྲུག་ཞིག་ཡིན།,
ང་ནི་འབྲོག་ཕྲུག་ཞིག་སྟེ། འཇོན་ཐང་གི་འབྲོག་ཕྲུག་ཞིག་ཡིན།,
སྔོ་ལྗང་རྩྺ་ཐང་གདན་དུ་བཏང་ཞིང། རྟ་ཕོ་འཚེར་སྐད་དབྱངས་སུ་རེ་དུས། ངག་ལ་ཡོད་པའི་འབྲོག་གཞས་སྙན་མོ།གངས་ཅན་མི་ཡི་སྐྱེས་སུ་ཕུལ་ཡོད།
བསོ་ཡ་རེ་ལོ་
ང་གངས་འདབས་ནས་སྐྱེས་ཤིང། ང་གངས་འདབས་ནས་ཆས་འགྲོ། སླར་གངས་འདབས་ལ་ལོག་ཡོང།
ང་ནི་འབྲོག་ཕྲུག་ཞིག་སྟེ། འབྱུང་འགྱུར་གྱི་འབྲོག་ཕྲུག་ཞིག་ཡིན།
ང་ནི་འབྲོག་ཕྲུག་ཞིག་སྟེ། ཕ་ཡུལ་གྱི་འབྲོག་ཕྲུག་ཞིག་ཡིན།
རྩ་བའི་བླ་མའི་བཀའ་ཆོས་ཉན་ཞིང།
དྲིན་ཆེན་ཕ་མའི་ཞལ་གསུང་དྲན་དུས།
དགུང་གི་འཇའ་ཚོན་ཐགས་སུ་བྲེལ་ནས།
གཞིས་བྱེས་བོད་མིའི་སྐྱེས་སུ་བཏེགས་ཡོད།
བསོ་ཡ་རེ་ལོ་
ང་གངས་འདབས་ནས་སྐྱེས་ཤིང། ང་གངས་འདབས་ནས་ཆས་འགྲོ།
སླར་གངས་འདབས་ལ་ལོག་ཡོང། ༼༢༽
སླར་གངས་འདབས་ལ་ལོག་ཡོང་༼༣༽།།