作词 : 德吉老爷
作曲 : 德吉老爷
编曲 : 旦旦
སེམས་མ་སྡུག
ཚིག བདེ་སྐྱིད་ཚེ་རིང་།
དབྱངས བདེ་སྐྱིད་ཚེ་རིང་།
རོལ་མོ ཏན་ཏན།
བྱིས་གླུ མེ་ཏོག
མངར་རིས་སྒྲ འཆི་མེད།
ཡིག་བསྒྱུར་། ཏིང་འཛིན་བཀྲ་ཤིས།
ཁ་སང་གི་སྡུག་དེ་ཡར་དྲན་མར་དྲན་མང་པོ་མ་བྱེད།
དེ་ཕར་ཡལ་བཅུག་ཤོག
འདས་ཟིན་པའི་དོན་དག་ས་དྲན་རྡོ་དྲན་མང་པོ་མ་བྱེད།
དེ་ཕར་འགྲོ་བཅུག་ཤོག
སྡུག་སེམས་ནང་སྙལ་ན་དུག་རེད།
དཀྲུག་བཞག་ན་འཁྲུག་འགྲོ་རེད།
འདང་བརྒྱབ་ན་སྣང་བའི་དབུགས་རེད།
དབུག་བཞག་ན་ཕྱིད་འགྲོ་རེད།
སྐྲ་ཡར་ལ་ཤད། མགོ་ཡར་ལ་ཁྱོགས།
ང་རང་དུས་ནམ་ཡང་ལམ་དཀར་པོར་འགྲོ་རྒྱུ་དེ་ཡིན་བསམ་པའི་བསམ་པ་ཡོད་དགོས་རེད།
ལ་ལུང་གང(དུ)སོང་རུང། ལས་རྒྱུ་འབྲས་སྲུང་མཁན་ཞིག་ཡིན་བསམ་པའི་བསམ་པ་ཡོད་དགོས་རེད།
སྡུག་དུས་མགོ་འཕང་ཇེ་མཐོ་དེ་སྐྱེས་པ་ཕོ་རེད།
རླུང་ཆེ་དུས་གཤོག་རྩལ་ཇེ་བདེ་དེ་ཐང་དཀར་རྒོད་རེད།
ཁྱེད་ཡ་ཆུང་ཁོག་གི་སྙིང་རེད།
ཁྱེད་མ་ཆུང་ཁོག་གི་རྐང་རེད།
མ་སྡུག་མ་སྡུག སེམས་མ་སྡུག
ཁྱེད་ཡ་ཆུང་ཁོག་གི་སྙིང་རེད།
ཁྱེད་མ་ཆུང་ཁོག་གི་རྐང་རེད།
མ་སྡུག་མ་སྡུག སེམས་མ་སྡུག
མ་སྡུག མ་སྡུག མ་སྡུག
ང་རང་ཁྱོད་དང་མཉམ་དུ་གནས་ཡོད།
མེ་ཏོག་རྙིད་ན། གཡུ་སྦྲང་སེམས་མ་སྡུག
རྒོད་པོ་འཕུར་ན། བྲག་ཐེམ་སེམས་མ་སྡུག
ཁྱེད་ཡ་ཆུང་ཁོག་གི་སྙིང་རེད།
ཁྱེད་མ་ཆུང་ཁོག་གི་རྐང་རེད།
མ་སྡུག་མ་སྡུག སེམས་མ་སྡུག
ཁྱེད་ཡ་ཆུང་ཁོག་གི་སྙིང་རེད།
ཁྱེད་མ་ཆུང་ཁོག་གི་རྐང་རེད།
མ་སྡུག་མ་སྡུག སེམས་མ་སྡུག
མ་སྡུག མ་སྡུག མ་སྡུག
ང་རང་ཁྱོད་དང་མཉམ་དུ་གནས་ཡོད།