作词 : 本.美洁
作曲 : 三智才让
编曲 : 端知20G
制作人:格日项杰
混音:朱海
出品人:三智才让、格日项杰、本·美洁
རི་ལ་སྨུག་པ་འཐིབ་ཡོད།
སྤང་ལ་མེ་ཏོག་བཞད་ཡོད།
ལུག་ཆུང་གྭ་ཞུས་སྨུག་ཞུས།
སྨུག་པའི་ནང་ལ་ཅམ་ཡོད།
རྫི་མོའི་གོམ་ཁ་ལྷོད་པོ།
ལུག་ཁྱུའི་རྗེས་ལ་སྙེགས་ཡོད།
སྤྱང་མོའི་འདུར་འདུར་མ་གནང་།
ཚེར་དཀར་རི་ནས་མ་དཀྲོགས།
གཡང་རྫི་མི་མོ་ཆུང་ཆུང་།
ཚེ་གཅིག་སྙིང་གི་ཆ་ཡིན།
སྤྱང་མོའི་འདུར་འདུར་མ་གནང་།
ཚེར་དཀར་རི་ནས་མ་དཀྲོགས།
བསོད་ནམས་ཡར་འགྲོ། བུ་ཆུང་དགའ་སོང་ལ།
གཡང་རྫི་མི་མོ་ཆུང་ཆུང་།
ཚེ་གཅིག་སྙིང་གི་ཆ་ཡིན།
བསོད་ནམས་ཡར་འགྲོ། བུ་ཆུང་དགའ་སོང་ལ།
མཐིང་སྨུག་གུར་ལ་ཕུག་ཡོད།
སྒོ་ཆོན་གནམ་ལ་བཏེགས་ཡོད།
འབྲི་མོ་རྒྱ་རྒྱ་རོག་རོག
ལྷས་ན་རྡང་ལ་སྟར་ཡོད།
འབྲོག་མོའི་བཞོ་དབྱངས་གཉོམ་པོ།
རྣ་བའི་གསོས་སུ་འཐིམ་ཡོད།
རྩ་ཆུ་ཆད་པ་མ་གནང་།
གཡང་ལ་གོད་ཆགས་མ་ཡོང་།
འབྲོག་མོའི་གཞོན་ཤ་འཇམ་པོ།
མི་ཚེ་ཞིག་གི་སྲོག་ཡིན།
རྩ་ཆུ་ཆད་པ་མ་གནང་།
གཡང་ལ་གོད་ཆགས་མ་ཡོང་།
བསོད་ནམས་ཡར་འགྲོ། བུ་ཆུང་དགའ་སོང་ལ།
འབྲོག་མོའི་གཞོན་ཤ་འཇམ་པོ།
མི་ཚེ་ཞིག་གི་སྲོག་ཡིན།
བསོད་ནམས་ཡར་འགྲོ། བུ་ཆུང་དགའ་སོང་ལ།