作曲 : 仁青闹日
编曲 : 瓜尔阿索
མིག་ཆུ།།
眼泪
གཞས་ཚིག།ཅང་ཤེས་ཐང་དཀར།
作词:江西堂尔格
གཞས་པ། རིན་ཆེན་ནོར་བུ།
演唱: 仁青闹日
རོལ་མོ། མགར་ཨ་བསོད།
编曲 瓜尔阿索
སྒྲ་ལེན་སྒྲིག་སྦྱོར། རིན་ཆེན་དོན་འགྲུབ།
混录:仁青东智
སྨན་བུ་མོ་མཚོ་མོ་ངེད་གཉིས།།
我与美丽的措姆姑娘
བཀྲ་ཤིས་བའི་ཆུ་འགོའི་མགོ་ནས།།
在那吉祥之水的源头
སེམས་སྙིང་གཏམ་དམར་པོ་བརྗོད་ནོ།།
轻诉心中甜蜜的话语
གཏམ་འགོ་མ་སེར་པོ་གསེར་ཡིན།།
语首似是足色的黄金
གཏམ་བར་མ་དཀར་པོ་དངུལ་ཡིན།།
语间亦是无暇的白银
གཏམ་གཞུག་མ་སྔོན་པོ་གཡུ་ཡིན།།
语尾可谓透彻的碧玉
གཏམ་འདི་གསུམ་འཛོམས་ན་ང་ཡིན།།
言此三语者必定是我
གཏམ་ལྷག་མ་ཡོད་ན་གཞན་ཡིན།།
非此有余即为彼者
སེམས་ཤོར་སའི་མཚོ་མོའི་ཕྱོགས་ལ།།
欲对心向的措姆
ངས་དྲན་པའི་ཚིག་གསུམ་བཤད་ཡོད།།
道句思念的话语
ཚིག་འགོ་མ་འུ་གཉིས་སེམས་ཡིན།།
语首是你我之心
ཚིག་བར་མ་འུ་གཉིས་འདང་ཡིན།།
语间是你我之情
ཚིག་གཞུག་མ་མི་འབྲལ་མནའ་ཡིན།།
语尾是你我不离之誓
ཚིག་གཞུག་མ་མི་འབྲལ་མནའ་ཡིན།།
语尾是你我不离之誓
ཚིག་འདི་གསུམ་འཛོམས་ན་ང་ཡིན།
言此三语者必定是我
ཚིག་ལྷག་མ་ཡོད་ན་གཞན་ཡིན།།
非此有余即为彼者
3.སྡེ་ཆེན་པོའི་ཁ་ཡ་ན་ཟླ།།
村间那平辈之人
ནང་སྒོས་སུ་དྲིན་ཆེན་ཕ་མ།།
尤其是广恩双亲
རོགས་ངེད་གཉིས་བརྩེ་བའི་ཕྱོགས་ལ།།
对你我情意缠绵
གཏམ་མྱི་ཁའི་བར་ཆད་མ་གཏོང་།།
勿施有蜚言之障
འདང་ཞེ་བརྩེ་འོ་མ་འདྲ་བོ།
这无暇如奶情意
དགེག་བར་ཆད་མེད་པའི་སྨོན་ལམ།
祈愿无任何障碍
འདང་ཞེ་བརྩེ་འོ་མ་འདྲ་བོ།
这无暇如奶情意
དགེག་བར་ཆད་མེད་པའི་སྨོན་ལམ།
祈愿无任何障碍。