作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ལྷ་སའི་བུ་མོ།༽
གཞས་པ་ ཡིད་བརྟན་ཕུན་ཚོགས།
དྲྭ་ཐོག་བསྒྲིག་བཟོ་འགྲེམ་སྤེལ་ སྒང་•ལྷག་རྒོད།
མཛེས་ལྡན་ལྷ་སའི་བུ་མོ།
ཁྱེད་ཀྱིས་གསན་དང་ལགས།
ཕྱི་དེ་སྒྲོལ་མའི་སྐུ་རེད།
ནང་དེ་བྱང་ཆུབ་སེམས་པ།
ཨེ་མ། རོང་སེ་མ་ལ་རོང་ཟེར་ན།
རོང་སེ་མ་ལ་རོང་།
རོང་སེ་མ་ལ་རོང་ཟེར་ན།
རོང་སེ་མ་ལ་རོང་།
མཛེས་ལྡན་ལྷ་སའི་བུ་མོ།
ཁྱེད་ཀྱིས་གསན་དང་ལགས།
ཕྱི་དེ་སྒྲོལ་མའི་སྐུ་རེད།
ནང་དེ་བྱང་ཆུབ་སེམས་པ།
ཨེ་མ། རོང་སེ་མ་ལ་རོང་ཟེར་ན།
རོང་སེ་མ་ལ་རོང་།
རོང་སེ་མ་ལ་རོང་ཟེར་ན།
རོང་སེ་མ་ལ་རོང་།
རོང་སེ་མ་ལ་རོང་།
མཛེས་སྡུག་རྣམ་པར་བཀྲ་བའི་བུ་མོ།
བུ་ཆུང་ངའི་འགྲམ་དུ་ཕེབས་དང་བུ་མོ།
ལོ་གཅིག་གི་འདུན་པ་འཛོམས་པའི་ང་དང་།
མཛེས་སྡུག་གི་གཏམ་རྒྱུད་གླེང་དང་བུ་མོ།
ཁྱེད་ཀྱི་སེམས་པ་དེ་ཧི་མ་ལ་ཡའི་རྡོ་རེད།
ཁྱེད་ཀྱི་ངང་རྒྱུད་དེ་ཡར་ཀླུང་གཙང་པོའི་རྒྱུན་རེད།
ཁྱེད་ཡོན་ཏན་འཛོམས་པའི་མཛེས་མ།
ལྷ་སའི་བུ་མོ་རེད།
ཞལ་རས་དཀར་གསལ་ཟླ་བ།
སྐུ་གཟུགས་རྩ་རིའི་སྨྱུག་མ།
བོད་གཞས་གསན་པར་ཐུགས་བརྗེ་ཆེ།
མཛེས་ལྡན་ལྷ་སའི་བུ་མོ།
ཁྱེད་ཀྱིས་གསན་དང་ལགས།
སྐུ་གཟུགས་རྩ་རིའི་སྨྱུག་མ།
དབུ་སྐྲ་སི་ལིང་ལྗང་པ།
ཨེ་མ། རོང་སེ་མ་ལ་རོང་ཟེར་ན།
རོང་སེ་མ་ལ་རོང་།
རོང་སེ་མ་ལ་རོང་ཟེར་ན།
རོང་སེ་མ་ལ་རོང་།
རོང་སེ་མ་ལ་རོང་།
མཛེས་ལྡན་ལྷ་སའི་བུ་མོ།
ཁྱེད་ཀྱིས་གསན་དང་ལགས།
སྐུ་གཟུགས་རྩ་རིའི་སྨྱུག་མ།
དབུ་སྐྲ་སི་ལིང་ལྗང་པ།
ཨེ་མ། རོང་སེ་མ་ལ་རོང་ཟེར་ན།
རོང་སེ་མ་ལ་རོང་།
རོང་སེ་མ་ལ་རོང་ཟེར་ན།
རོང་སེ་མ་ལ་རོང་།
རོང་སེ་མ་ལ་རོང་།
滚动歌词贡献者:岗•拉贵