作词 : 岗•拉贵
作曲 : 岗•拉贵
编曲 : 岗•拉贵
༼ ཁ་བའི་ལྗོངས་ཀྱི་བུ་མོ། ༽
ཚིག་གདངས་ ཐུབ་བསྟན།
གཞས་པ་ ཡིད་བརྟན་ཕུན་ཚོགས།
དྲྭ་ཐོག་སྒྲིག་བཟོ་འགྲེམ་སྤེལ་ སྒང་·ལྷག་རྒོད།
ཁ་བའི་ལྗོངས་ནས་འཚར་ལོངས་བྱུང་བའི་བུ་མོ་མཛེས་མ་ལགས།
ཁྱེད་ནི་ང་ཡི་སྙིང་གི་བྱམས་པ་ཡིན།
རྒྱན་ཆ་མཚོ་ཁའི་མེ་ཏོག་སྐུ་གཟུགས་རྩ་རིའི་སྨྱུག་མ་འདྲ།
བུ་མོའི་ཞལ་རས་བཅོ་ལྔའི་ཟླ་བ་འདྲ།
འཚོ་བའི་ལས་ལ་རྒྱུན་པར་བརྩོན་པའི་བུ་མོ་མཛེས་མ་ལགས།
ཁྱེད་ནི་ང་ཡི་སྙིང་གི་ནོར་བུ་ཡིན།
དཀར་དཀར་སེམས་པ་ཕྲ་མོ།
ཁ་བ་གངས་ཀྱི་མེ་ཏོག་འདྲ།
བུ་མོའི་ཐུགས་རྒྱུད་རྗེ་བཙུན་སྒྲོལ་མ་འདྲ།
རྩྭ་ཐང་སྟེང་གི་མེ་ཏོག་བུ་ངའི་སེམས་ཀྱི་མཚོན་བྱེད་ཡིན།
མི་འགྱུར་རྡོ་རྗེ་བྲག་རི་ཁྱེད་ལ་བཅངས་པའི་བརྩེ་དུང་ཡིན།
མ་འོངས་མཉམ་འགྲོའི་འཚོ་བ།
བུ་ངའི་སེམས་ཀྱི་སྨོན་ལམ་ཡིན།
མ་བཅོས་སེམས་ཀྱི་སྨོན་ལམ་བཟང་པོ་ཡིན།
࿄࿄࿄࿄࿄
འགྲེམ་སྤེལ་ སྒང་·ལྷག་རྒོད།
བོད་གཞས་གསན་པར་ཐུགས་རྗེ་ཆེ།

滚动歌词贡献者:岗•拉贵
调整歌词贡献者:岗•拉贵
在雪景中长大的美女
你是我的心上人
饰海花身脉山竹
女孩的脸像十五的月亮
一直努力生活的漂亮女孩
你是我的心上人
白白的心
雪像雪花
就像女儿的后嗣
草原上的花朵代表着我的心
不变金刚对你的爱
未来平行生活
儿子,是我内心的祈祷
原心的美好祝愿