一生的好兄弟 - 陈里俄日
词:松布
曲:陈里俄日
音乐宣传:谢旦贴吧工作室
དམར་ཆུང་གི་སེམས་པ་སྤུན་ཟླ་ཡི་དྲན་རྟེན།
ཁྲ་ཆུང་གི་མིག་གཉིས་སྤུན་ཟླ་ཡི་བཞིན་རས།
དྲན་གདུང་གི་གཞས་ཆུང་དབྱངས་རྟ་ལ་བཀུག་དུས།
སྙིང་ཁུང་གི་སྨོན་ལམ་བདེ་སྐྱིད་ལ་འགྱུར་འགྲོ
འགྱུར་མེད་ཀྱི་དུང་བ།
ཚེ་གཅིག་གི་སྤུན་ཟླ།
ནམ་ཡང་བདེ་སྐྱིད་ཡིན།
ཁྱེད་གང་ལ་སོང་ཡང་སྐྱིད་པའི་སྨོན་ལམ་འདེབས།
སེམས་ཁུང་གི་སྤུན་ཟླ་བརྗིད་ཆགས་ཀྱི་གངས་རི།
ཕན་ཚུན་གྱི་དུང་བ་འགྱུར་མེད་ཀྱི་རྡོ་རིང་།
འགྲན་རྩོད་ཀྱི་འཇིག་རྟེན་མི་ཡུལ་ལ་སྐྱོད་དུས།
སྐུ་ལུས་ལ་དཀའ་ངལ་ཨེ་བྱུང་ལགས་སྤུན་ཟླ།
འགྱུར་མེད་ཀྱི་དུང་བ།
ཚེ་གཅིག་གི་སྤུན་ཟླ།
ནམ་ཡང་བདེ་སྐྱིད་ཡིན།
ཁྱེད་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་འདེབས།