དྲན་གི
想你
གཞས་ཚིག འབྲུག་ལྷ་རྒྱལ།
作词:周拉加
གཞས་གདངས། འཕྲིན་ལས་འོད་ཟེར།
作曲:陈里俄日
གཞས་པ། འཕྲིན་ལས་འོད་ཟེར།
原唱:陈里俄日
ལས་ཀྱི་ཤོ་རྡེའུ་བབས་པའི་ཁ་སང་གི
昨日解开缘分骰子
སྙིང་གི་ཕྱེད་ཀ་བརྐུས་པའི་བུ་མོ་ཁྱོད།
伊人离去心已撕碎
མཚན་ཀྱི་རྨི་ལམ་ཁྲོད་ན་དྲན་གྱིན་ཡོད།
梦里思你空度孤夜
གཡང་གི་སྦྲ་ཁྱིམ་དེ་ཡི་ནང་རོལ་ན།
温暖黑色帐篷家中
ཞིམ་པོའི་འོ་ཇ་སུ་ལ་འདྲེན་གྱིན་ཡོད།
奶香甜茶为谁斟杯
གདོང་གི་འཛུམ་ཆུང་སུ་ལ་སྟོན་གྱིན་ཡོད།
红颜笑迎陶醉何人
ངག་གི་ཨ་ལན་སུ་ལ་སྟེར་གྱིན་ཡོད།
婉柔回音为谁解答
འདི་དག་བསམ་ནས་ཁྱོད་རང་དྲན་གི་ཡོད།
构想此景眷念布姆
ཨ། བུ་མོ། དྲན་གི ཁྱོད་དྲན་གི
布姆 想你
སེམས་ཀྱི་གདུང་བ་ལྕི་བའི་དེ་རིང་གི
今日思愁加深心沉
མིག་གི་མཐོང་ལམ་བཟུང་བས་བུ་མོ་ཁྱོད།
伊人身影占据视线
ཉིན་གྱི་གར་སོང་ས་ན་དྲན་གྱིན་ཡོད།
日日牵挂形影不离
གཡང་གི་འབྲི་མོ་དེ་ཡི་འོག་རོལ་ན།
绵绵牧原哲姆身旁
དུང་བའི་ཟུར་མིག་སུ་ལ་གཟས་ནས་ཡོད།
含情目光为谁停留
དགའ་བའི་སྙིང་གཏམ་སུ་ལ་བསགས་ནས་ཡོད།
重情心意为谁吐露
མཛའ་བའི་གཞས་ཆུང་སུ་ལ་སྒྲིག་ནས་ཡོད།
柔情歌声为谁唱颂
འདི་དག་བསམ་ནས་ཁྱོད་རང་དྲན་གི་ཡོད།
幻想此情牵记布姆
ཨ། བུ་མོ། དྲན་གི ཁྱོད་དྲན་གི
布姆 想你