མཐོ་སྒང་གསེར་གྱི་སྒྲ་སྙན།
高原金色扎念
ཚིག་རྩོམ་མཁན། ཡེ་ཤེས་ཕུན་ཚོགས།
作词: 益西平措
དབྱངས་རྩོམ་མཁན། ཡེ་ཤེས་ཕུན་ཚོགས།
作曲: 益西平措
ལེན་མཁན། ཡེ་ཤེས་ཕུན་ཚོགས།
演唱: 益西平措
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
རྒྱ་སྟག་ཚང་ནས་ངར་གྱིས་ཐོན་འདྲ་ཡི།།
犹如猛虎出洞的
གདོད་མའི་དཔའ་བོའི་མདའ་གཞུས་བློ་སྒོ་ཕྱེ།།
英雄以弓箭启发
ཞང་ཞུང་མངའ་རིས་ཡུལ་ནས་ཕྱོགས་སུ་དར།།
从象雄阿里地区兴起
མཐོ་སྒང་གསེར་གྱི་སྒྲ་སྙན་ཚངས་པའི་དབྱངས།།
高原金色扎念声婉转
མུ་ཏིག་ལྟར་ལ་བརྒྱུས་འདྲའི་གངས་ཁྲོད་ཀྱི།།
如同珍珠串起的雪山之处
ཡབ་ཆེན་ཨ་ཕ་ཞུགས་འདྲའི་རོལ་ཆའི་ཕ།།
像一切乐器的父亲似的
མི་ཚོགས་ཁྲི་མ་འབུམ་གྱི་གར་སྟེགས་ན།།
成百上千人的舞台上
མཐོ་སྒང་གསེར་གྱི་སྒྲ་སྙན་རང་མདངས་ངོམས།།
高原金色扎念在闪耀
རྟ་མཆོག་སྤང་ན་འགྱིང་འདྲའི་དབུ་འཕང་ཅན།།
似骏马昂首的琴头
རྒོད་པོ་ནམ་འཕངས་བཅད་འདྲའི་གཤོག་པ་ཅན།།
像雄鹰遨游天际的双翼
ཙན་དན་གླིང་དུ་སླེབས་འདྲའི་དྲི་ཞིམ་ཅན།།
如檀木林中的香气
མཐོ་སྒང་གསེར་གྱི་སྒྲ་སྙན་ངོ་མཚར་ཆེ།།
高原金色扎念真神奇
ལྷ་མོས་དབུ་སྐྲ་བསིལ་འདྲའི་ཡིད་འོང་ཅན།།
像仙女洗头般夺目
རིགས་གསུམ་མགོན་པོ་བཞེངས་འདྲའི་རྩེ་གསུམ་ཅན།།
像三大法宝般神圣
མཐིང་ཤོག་ཐང་ལ་བཀྲམ་འདྲའི་གཡུ་མཚོ་ཅན།།
像大海般清澈碧绿
མཐོ་སྒང་གསེར་གྱི་སྒྲ་སྙན་ལྷག་ཏུ་མཛེས།།
高原金色扎念格外美
བཀྲ་ཤིས་དུས་བཟང་ཚེས་འདྲའི་ཉི་ཟླ་ཅན།།
犹如欢庆时节的日月
སྙན་འཇེབས་སྒྲ་དབྱངས་ཀུན་འབྱུང་རྒྱུད་སྐུད་ཅན།།
美妙旋律俱全的琴弦
བྱིའུ་ཆུང་རྒུམ་བུ་སྒུག་འདྲའི་སེན་སྡེ་ཅན།།
小鸟啄青稞般的拨片
མཐོ་སྒང་གསེར་གྱི་སྒྲ་སྙན་ཨེ་མ་འཕགས།།
高原金色扎念非常好
ཡེ་ནས་དར་བའི་རྒྱུད་དཀྲོལ་རོལ་ཆ་འདི།།
此乐器兴起于七千年前
ཤེས་དཔལ་དར་བའི་བཙན་པོའི་ཡན་ཆད་ནས།།
文明发达的赞普时期之前
ཕུན་ཚོགས་འཇིག་རྟེན་འདི་ནར་དར་བ་ཡིན།།
在这世上就盛行了
རྫོགས་ལྡན་གངས་རིའི་ལྗོངས་ཀྱི་རྣམ་ཤེས་ཡིན།།
是雪域高原之上的灵魂
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室