作词 : 阿木去乎桑克
作曲 : 那那
ཚེ་རབས་སྔོན་མའི་ལས་དབང་།
我和你
གཞས་ཚིག་ཨ་མཆོག་སངས་མཁར།
作词:阿木去乎桑克
གཞས་གདངས་དང་རོལ་མོ །ནཱ་ནཱ །
作曲:那那
གཞས་པ་ཨ་མཆོག་སངས་མཁར །
演唱者:阿木去乎桑克
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
音乐宣传:谢旦贴吧工作室
ཚེ་རབས་སྔོན་མའི་ལས་དབང་ཞིག་གིས ། །
因为前世有缘分
འུ་གཉིས་ཚེ་འདིར་འཛོམས་པ་དགའ་སོང་། །
咱俩今世在欢聚
འུ་གཉིས་བར་གྱི་བརྩེ་དུང་ཟབ་མོ། །
我们之间的深情
བླ་མ་དཀོན་མཆོག་མ་གཏོགས་མི་ཤེས ། །
除了三宝无人知晓
ཨོ་ཧོ། ཟླ་གསལ།ལས་དབང་གི་ལྷ་མོ །
啊!达萨命中女神
ཁྱོད་བཀའ་དྲིན་ཆེ།
谢谢你
ལོ་ངོ་ཉིས་བརྒྱའི་སྔོན་གྱི་འུ་གཉིས ། །
二百年的我们
སླར་ཡང་འཇིག་རྟེན་འདི་ནས་སྐྱེས་པ ། །
再次出生于这个世界
བླ་མ་དཀོན་མཆོག་ཐུགས་རྗེ་ཆེ་ཞུ ། །
感恩三宝的加持
ཚེ་འདིར་བར་ཆད་མེད་པའི་སྨོན་ལམ ། །
祈愿今世无障碍
ཨོ་ཧོ།ཟླ་གསལ་།བརྩེ་དུང་གི་ལྷ་མོ །
啊!达萨爱情女神
ཁྱོད་བཀའ་དྲིན་ཆེ།
谢谢你
འུ་གཉིས་བར་ན་གསང་བའི་བརྩེ་དུང་གི་གཏམ་རྒྱུད་ཡོད །
我们之间有秘密的爱情故事
འུ་གཉིས་བར་ན་དཀའ་སྡུག་གི་གསང་བའི་ལོ་ཟླ་ཡོད །
我们之间有艰苦而不可告知的岁月
འུ་གཉིས་བར་ན་འགྱུར་མེད་ཀྱི་བརྩེ་བ་ཟབ་མོ་ཡོད །
我们之间有永恒的感情
འུ་གཉིས་བར་ན་ཡིད་ཆེས་དང་རེ་བ་བརྟན་པོ་ཡོད །
我们之间有信念和坚定的希望
ཁྱེད་ཀྱིས་ང་ལ་ཚེ་སྲོག་དང་འཚོ་བ་གསར་བ་གནང་བ་བཀའ་དྲིན་ཆེ །
感谢你给了我新的生命和生活
ཁྱེད་ཀྱིས་ང་ལ་སྤོབས་པ་དང་ང་རྒྱལ་གནང་བ་བཀའ་དྲིན་ཆེ་ཞུ །
感谢你给了我勇气和骄傲
ངས་ཁྱེད་ཀྱི་བཀའ་དྲིན་དང་བྱམས་བརྩེ་མི་བརྗེད་སེམས་ན་བརྟན་པོ་ཡོད །
我不忘你的恩情和慈悲,铭记于心
འུ་གཉིས་ཚེ་རབས་ནས་ཚེ་རབས་མཉམ་དུ་འཛོམས་པའི་སྨོན་ལམ་འདེབས །
愿我们世世代代能够在一起
ཨ།ང་ཡི་སེམས་གཏིང་གི་ཟླ་གསལ་ལྷ་མོ །
啊!我内心深处的达萨女神