作词 : 卓嘉舞
作曲 : 加杨多杰
编曲 : 加杨多杰/才本加
རྨི་ལམ།
ཚིག འབྲོག་སྐྱ་བོ།
དབྱངས། འཇམ་དབྱངས་རྡོ་རྗེ།
ལེན་མཁན། འཇམ་དབྱངས་རྡོ་རྗེ།
སྒྲ་ཕབ། ས་ཆེན་འཇིགས་མེད།
རོལ་མོ། འཇམ་དབྱངས་རྡོ་རྗེ།
ཞིབ་སྦྱོར་བ། ཤེར་བྷ།
ཆུ་མོ་ལྷུང་ལྷུང་གིས་བཞུར
རླུང་བུ་ཞི་འཇམ་གྱིས་ལྡང་
རི་རྒྱབ་ཀྱི་ཉི་མ་ངའི་ཆེད་དུ་ཤར་ཞིང
རྩྭ་ཐང་གི་མེ་ཏོག་ཀྱང་ང་ཁོ་ནའི་ཆེད་དུ་བཞད
ངས་རང་གི་ན་ཚོད་དང་རྨི་ལམ་རྒྱབ་དུ་ཁུར་ནས
ཐག་རིང་ཞིག་ཏུ་འགྲོ་ན་འདོད
ཐག་རིང་ཐག་རིང་ཞིག་ཏུ་འགྲོ་ན་འདོད
མཚམས་སྤྲིན་མཛེས་སྡུག་གིས་གཡོ
རི་ཚོགས་རྔམ་བརྗིད་ཀྱིས་འགྱིང
གཙང་འགྲམ་གྱི་རྟ་ཁྱུ་ངའི་ཆེད་དུ་ཞོགས་ཤིང
ས་སྲོད་ཀྱི་བྱ་ཆུ་ཡང་ང་ཁོ་ནའི་ཆེད་དུ་འཕུར
ངས་རང་གི་ཁོག་དཔུང་དང་ལ་རྒྱ་རྗེས་སུ་ཁྲིད་ནས
ཐག་རིང་ཞིག་ཏུ་འགྲོ་ན་འདོད
ཐག་རིང་ཐག་རིང་ཞིག་ཏུ་འགྲོ་ན་འདོད