作词 : 无
作曲 : 无
པཎ་ཆེན་དྲན་གླུ།
ཚིག བློ་བཟང་རིན་ཆེན།
དབྱངས། ཀུན་དགའ་ཚེ་བརྟན།
ལེན་མཁན། ནག་བཟའ་འཇམ་དབྱངས།
མདང་གསུམ་ང་ཡིས་རྨི་ལམ།།
ཉི་ཟླ་རི་བོའི་རྩེ་ལ།།
འཇའ་འོད་ཤར་བ་རྨིས་བྱུང་།།
གསེར་ཁྲི་པད་མའི་གདན་ལ།།
པཎ་ཆེན་བཞུགས་པ་རྨིས་བྱུང་།།
ཉི་ཟླ་རི་བོའི་རྩེ་ལ།།
འཇའ་འོད་ཤར་བ་རྨིས་བྱུང་།།
གསེར་ཁྲི་པད་མའི་གདན་ལ།།
པཎ་ཆེན་བཞུགས་པ་རྨིས་བྱུང་།།
མདང་གསུམ་ང་ཡིས་རྨི་ལམ།།
མི་ཉག་གངས་དཀར་རི་ལ།།
མཆོད་པ་ཕུལ་བ་རྨིས་བྱུང་།།
པཎ་ཆེན་སྣང་བ་མཐའ་ཡས།།
ཞལ་གསུངས་ཕུལ་བ་རྨིས་བྱུང་།།
མི་ཉག་གངས་དཀར་རི་ལ།།
མཆོད་པ་ཕུལ་བ་རྨིས་བྱུང་།།
པཎ་ཆེན་སྣང་བ་མཐའ་ཡས།།
ཞལ་གསུངས་ཕུལ་བ་རྨིས་བྱུང་།།
མདང་གསུམ་ང་ཡིས་རྨི་ལམ།།
གནས་ཆེན་ཁ་བ་དཀར་ལ།།
མཇལ་དར་ཕུལ་བ་རྨིས་བྱུང་།།
པཎ་ཆེན་ཡིད་བཞིན་ནོར་བུའི།།
ཞལ་མཇལ་གནང་བ་རྨིས་བྱུང་།།
གནས་ཆེན་ཁ་བ་དཀར་ལ།།
མཇལ་དར་ཕུལ་བ་རྨིས་བྱུང་།།
པཎ་ཆེན་ཡིད་བཞིན་ནོར་བུའི།།
ཞལ་མཇལ་གནང་བ་རྨིས་བྱུང་།།