作词 : 岗华
作曲 : 才让东珠
编曲 : 许文君
ངེད་སྒང་བ་བོད་ལ་བུ་ཞིག་སྐྱེས།
བུ་ཤེས་རབ་ཅན་པོས་རྒྱལ་ཁམས་འགྲིམས།
བློ་རིག་པའི་གསེར་གྱི་ཐང་མ་བརྡལ། ཨོ་ཡེ།
ལྷོ་འཛམ་བུའི་གླིང་ལ་གྲགས་སོང་ཟིག
ཧེ། ཁ་བའི་བུ་ཆུང་། གངས་རིའི་བདག་པོ།
ཨ་རོགས་ཡེ། ཧེ། ཁ་བའི་བུ་ཆུང་། གངས་རིའི་བདག་པོ།
ཨ་རོགས་ཡེ། རང་མེས་པོ་མ་བརྗེད་ཡིད་ལ་ཟུངས།
ངེད་སྒང་བ་བོད་ལ་བུ་ཞིག་སྐྱེས།
བུ་དཔའ་རྩལ་ཅན་པོ་དམག་ལ་ཆས།
དགྲ་བཙན་རྫོང་ཅན་པོ་ཆམ་ལ་ཕབ། ཨོ་ཡེ།
སའི་གོ་ལའི་དཀྱིལ་འཁོར་འཛིན་མྱོང་ཟིག
ཧེ། ཁ་བའི་བུ་ཆུང་། གངས་རིའི་བདག་པོ།
ཨ་རོགས་ཡེ། ཧེ། ཁ་བའི་བུ་ཆུང་། གངས་རིའི་བདག་པོ།
ཨ་རོགས་ཡེ། རང་མེས་པོ་མ་བརྗེད་ཡིད་ལ་ཟུངས།
ངེད་སྒང་བ་བོད་ལ་བུ་ཞིག་སྐྱེས།
བུ་སྡུག་རུས་ཅན་པོ་ཡུལ་ནས་བསྡད།
བོད་ཆོལ་ཁ་གསུམ་པོ་སྐྱིད་ལ་བཀུག ཨོ་ཡེ།
མཚན་སྙན་གྲགས་གླིང་ལ་ཁྱབ་སོང་ཟིག
ཧེ། ཁ་བའི་བུ་ཆུང་། གངས་རིའི་བདག་པོ།
ཨ་རོགས་ཡེ། ཧེ། ཁ་བའི་བུ་ཆུང་། གངས་རིའི་བདག་པོ།
ཨ་རོགས་ཡེ། རང་མེས་པོ་མ་བརྗེད་ཡིད་ལ་ཟུངས།
རང་མེས་པོ་མ་བརྗེད་ཡིད་ལ་ཟུངས།
རང་མེས་པོ་མ་བརྗེད་ཡིད་ལ་ཟུངས།