作词 : 拉桑加
作曲 : 拉桑加
编曲 : 康索次
བརྩེ་བ་ཨ་འགྲིག་ཆ་འགྲིག།
情投意合
ཚིག ལྷག་བསམ་རྒྱལ།
作词:拉桑加
དབྱངས། ལྷག་བསམ་རྒྱལ།
作曲:拉桑加
ལེན་མཁན། ལེགས་མཆོག
演唱:林秋
སྐྱིད་ཀྱི་སྙིང་གཏམ་བཤད་ས།།
བུ་ཆུང་ང་རང་ཡིན་ན།།
སྡུག་གི་ཚིག་ངན་བཤད་ས།།
བུ་ཆུང་ང་རང་ལོས་ཡིན།།
དབྱར་གྱི་མེ་ཏོག་བཞད་དུས།།
ཁྱེད་རང་ཡོད་པས་མཛེས་སོང་།།
དགུན་གྱི་ཁ་བ་འབབ་དུས།།
ཁྱེད་རང་ཡོད་པས་དྲོ་སོང་།།
འོ་ཡ་ཡ།
སྙིང་སྡུག།
ཁྱོད་ཀྱིས་ང་ལ་གཅེས་མིང་འབོད་དུས།།
སྙིང་སྙུག་སྙིང་གི་རོགས་ལོ་རོགས་ལོ་ཟེར།
སྐྱིད་སྡུག་གཉིས་ཀྱི་གཏན་གྲོགས་ཡིན་ན།
སྐྱིད་ལ་དགོད་དགོས།
སྡུག་ལ་བཟོད་དགོས།
སྙིང་སྡུག་
དགའ་བའི་འཛུམ་དཀར་བསྟན་ས།།
བུ་ཆུང་ང་རང་ཡིན་ན།།
སྡུག་གི་ཁྲོ་གཉེར་བསྟན་ས།།
བུ་ཆུང་ང་རང་ལོས་ཡིན།།
སྐྱིད་ཀྱི་གླུ་ཆུང་ལེན་དུས།།
ཁྱེད་རང་ཡོད་པས་དགའ་སོང་།།
སྡུག་གི་མུན་པ་འཐིབ་དུས།།
ཁྱེད་རང་ཡོད་པས་གསལ་སོང་།
འོ་ཡ་ཡ་
སྙིང་སྡུག་ལགས།
ཁྱོད་ཀྱིས་ང་ལ་གཅེས་མིང་འབོད་དུས།།
སྙིང་སྡུག་སྙིང་གི་རོགས་ལོ་རོགས་ལོ་ཟེར།
སྐྱིད་སྡུག་གཉིས་ཀྱི་གཏན་གྲོགས་ཡིན་ན།
སྐྱིད་ལ་དགོད་དགོས།
སྡུག་ལ་བཟོད་དགོས།
ཁྱོད་ནམ་ཡང་སེམས་པ་སྐྱིད་པོར་གནང་རོགས།
ཁྱོད་ཀྱིས་ང་ལ་གཅེས་མིང་འབོད་དུས།།
སྙིང་སྡུག་སྙིང་གི་རོགས་ལོ་རོགས་ལོ་ཟེར།
སྐྱིད་སྡུག་གཉིས་ཀྱི་གཏན་གྲོགས་ཡིན་ན།
སྐྱིད་ལ་དགོད་དགོས།
སྡུག་ལ་བཟོད་དགོས།
ཁྱོད་ནམ་ཡང་སེམས་པ་སྐྱིད་པོར་གནང་རོགས།