作曲 : 白日然珠
编曲 : 白日然珠
འཛམ་གླིང་རྟ་མཆོག
གླུ་ཚིག བེ་རི་མདའ་པ།
དབྱངས་རྟ། བེ་རི་རང་གྲོལ།
གཞས་པ། བེ་རི་རང་གྲོལ།
དཔའ་བོ་གཡུལ་ལས་རྒྱལ་བའི་ཅང་ཤེས་རྟ།།
བང་རྩལ་རླུང་ལ་འགྲན་པའི་ཆོལ་གསུམ་རྟ།།
ཁྲོམ་ཆེན་ཟིལ་གྱིས་གནོན་པའི་འགྲོས་ལྡན་རྟ།།
རྒྱལ་ཁམས་རླབས་ཀྱིས་གཅོད་པའི་འདོ་རིགས་རྟ།།
ལྕག་ཚན་ཕྱར་ཙམ་གྱིས།།
རྒྱུག་དང་གོམ་ལག་མྱུར།།
ས་ཆེན་འཕྲེད་ཀྱིས་གཏུབ།།
སེམས་ཀྱི་རྟ་མཆོག་ལགས།།
ཀི་ཀི་བསྭོ་བསྭོ།
ཕོ་ལྷ་དགྲ་ལྷ།
རྟ་ལྷ་བསྭོ།
རྟ་གཡང་འཁོར།
གདོང་དམར་བོད་ཀྱི་མི་རྒྱུད།།
རྟ་མཆོག་སྟེང་གི་ཕོ་རྒོད།།
འཛམ་གླིང་ཡུལ་གྲུ་ཀུན་ལ།།
རྟ་ཡི་རྨིག་རྗེས་བཞག་ཡོད།།
འཛམ་གླིང་གི་རྟ་མཆོག
བོད་ཀྱི་མེ་བྱ་དམར་པོ།
སྐྱེས་པ་ཕོ་ཡི་དགྲ་ལྷ།
ཟ་མ་མོ་ཡི་ཟས་ལྷ།
རྩྭ་ཐང་སྟེང་གི་མེ་ཏོག
རྨིག་བཞི་རླུང་གི་འཕྲུལ་འཁོར།
གཤོག་ཐོགས་ཐང་དཀར་རྒོད་པོ།
སེམས་ཀྱི་ཅང་ཤེས་རྟ་ཕོ།
དཔའ་བོ་གཡུལ་ལས་རྒྱལ་བའི་ཅང་ཤེས་རྟ།།
བང་རྩལ་རླུང་ལ་འགྲན་པའི་ཆོལ་གསུམ་རྟ།།
ཁྲོམ་ཆེན་ཟིལ་གྱིས་གནོན་པའི་འགྲོས་ལྡན་རྟ།།
རྒྱལ་ཁམས་རླབས་ཀྱིས་གཅོད་པའི་འདོ་རིགས་རྟ།།
ལྕག་ཚན་ཕྱར་ཙམ་གྱིས།།
རྒྱུག་དང་གོམ་ལག་མྱུར།།
ས་ཆེན་འཕྲེད་ཀྱིས་གཏུབ།།
སེམས་ཀྱི་རྟ་མཆོག་ལགས།།
ཀི་ཀི་བསྭོ་བསྭོ།
ཕོ་ལྷ་དགྲ་ལྷ།
རྟ་ལྷ་བསྭོ།
རྟ་གཡང་འཁོར།
གདོང་དམར་བོད་ཀྱི་མི་རྒྱུད།།
རྟ་མཆོག་སྟེང་གི་ཕོ་རྒོད།།
འཛམ་གླིང་ཡུལ་གྲུ་ཀུན་ལ།།
རྟ་ཡི་རྨིག་རྗེས་བཞག་ཡོད།།
འཛམ་གླིང་ཡུལ་གྲུ་ཀུན་ལ།།
རྟ་ཡི་རྨིག་རྗེས་བཞག་ཡོད།།