作曲 : 白日然珠
编曲 : 白日然珠
ལོ་སར་ལ་ཕུལ་བའི་ལེགས་སྐྱེས།
ཚིག ལྗང་ཁུ།
དབྱངས། བེ་རི་རང་གྲོལ།
གཞས་པ། བེ་རི་རང་གྲོལ།
ཨ་ལ་ཡེ།
ང་བུ་ཆུང་རྒྱ་རྫོང་ནགས་ལ་སོང་།།
སྟག་དམར་ཡག་ལོ་གཡང་ཁྱེར་ནས་ཡོང་།།
དཔའ་ངར་སྐད་འཛམ་གླིང་རི་ལ་ཁྱབ།།
མཚན་སྙན་གྲགས་ཆེ་བའི་ལོ་ཡག་ཤོག།
ལོ་ཡག་ཤོག ལོ་ཡག་ཤོག
ཆོས་སངས་རྒྱས་བསྟན་པ་རྒྱས་པའི་ལོ།།
རྒྱས་པའི་ལོ་སར་བསུ།
ཨ་ལ་ཡེ།
ང་བུ་ཆུང་ཆོལ་གསུམ་རི་ལ་སོང་།།
སྟག་སྡེར་བཞིའི་ལོ་གཡང་ཁྱེར་ནས་ཡོང་།།
དཔལ་ཕུན་ཚོགས་སྡེ་བཞིའི་ལོངས་སྤྱོད་དར།།
སྐྱིད་ཉི་མ་རིང་བའི་ལོ་སར་བསུ།།
ཧོ། ལོ་སར་བསུ།
ཨ་ལ་ཡེ།
ང་བུ་ཆུང་ལོ་རིས་དམར་ཡག་སྟག།
སྟག་འཛུམ་དྲུག་སྤུན་ཟླ་ཡོངས་ལ་འབུལ།།
ཁྱིམ་གཟའ་ཚང་འཛོམས་པའི་བདེ་སྐྱིད་དང་།།
ནང་ཕུ་ནུ་སྐྱིད་པའི་ལོ་སར་བསུ།།
ལོ་སར་བསུ། ལོ་སར་བསུ།
ལོ་གསར་བའི་སྨོན་འདུན་ཁྱེད་ལ་འབུལ།།
སྨོན་འདུན་ཁྱེད་ལ་འབུལ།
ཨ་ལ་ཡེ།
ང་བུ་ཆུང་ཞོགས་པ་རི་ལ་སོང་།།
རི་མཐོན་པོའི་རྩེ་ལ་དར་ཤིང་བཙུགས།།
ཤིང་ཙན་དན་དམར་པོས་ལྷ་བསངས་ཕུད།།
ལྷ་དཀར་ཕྱོགས་རྒྱལ་བའི་ལོ་སར་བསུ།།
ཧོ། ལོ་སར་བསུ།
ཨ་ལ་ཡེ།
བཀྲ་ཤིས་པའི་གླུ་དབྱངས་ངག་ནས་ལེན།།
དོན་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ།།
ང་གླུ་བ་བློ་དཀར་སེམས་དཀར་ཡིན།།
སེམས་དཀར་པོའི་ཁ་གཡང་འགྲུབ་པར་ཤོག།