作词 : 多杰扎西
作曲 : 多杰扎西
编曲 : 多杰扎西
ཚིག་དབྱངས། རྡོ་བཀྲ།
ཆང་ འཐུང་ཐེངས་རེ་རེར།
བཟི་ཐེངས་རེ་རེར།
ཁྱོད་དྲན་ཐེངས་རེ་རེ།
སྙིང་གཏམ་ བཤད་ཐེངས་རེ་རེར།
ཁྱོད་གླེང་ཐེངས་རེ་རེ།
ཁ་ནས་འབོར་མ་མྱོང་།
གཉིད་ ཉལ་ཐེངས་རེ་རེར།
རྨི་ལམ་ནང་དུ།
ཁྱོད་རྟག་པར་ཕེབས་ཡོང་།
གྲོང་ འགྲིམ་ཐེངས་རེ་རེར།
རྒྱ་སྲང་ཆེན་མོར།
ཁེར་རྐྱང་དུ་འགྲོ་དུས་ཁྱེད་དང་ཕྲད་ན་བསམ་བྱུང་།
ཁྱོད་ གང་ན་ཡོད།
གང་ན་ཡོད། གང་ན་ཡོད།
ངས་ཁྱོད་ དྲན་བཞིན་ཡོད།
དྲན་བཞིན་ཡོད། དྲན་བཞིན་ཡོད།
ཁང་སྟོང་དུ་ འདུག་ཐེངས་རེ་རེར།
ཁྱོད་མ་སོང་སྔོན་གྱི།
གཟུགས་བརྙན་མིག་ལ་ཤར་ཡོང་།
ཕྱིར་ལོག་གི་ སྐད་ཆ་ཁྱེད་ལ།
བཤད་ཐབས་མེད་ཀྱང་།
སེམས་སུ་རྒྱང་འབོད་བྱས་ཡོད།
རྒྱུད་དྲུག་ དཀྲོལ་ཐེངས་རེ་རེར།
སྒྲ་དབྱངས་སུ་ཁྱེད་རང་།
དབང་མེད་དུ་བཀུག་ཡོང་།
བུ་མོ་ ཕྲད་ཐེངས་རེ་རེར།
ཁྱོད་ལ་བསྡུར་ཐེངས་རེ་རེ།
ཕྱིས་སུ་ངའི་སེམས་ཀྱི་མཚོ་མོ་འཁྱགས་ཀྱིས་བསྡམས་སོང་།
ཁྱོད་ གང་ན་ཡོད། གང་ན་ཡོད།
ངས་ཁྱོད་ དྲན་བཞིན་ཡོད། དྲན་བཞིན་ཡོད།
མི་ཚོགས་འཛོམས་སའི་ གྲོང་ཁྱེར་དུ་
འདུ་འཛི་ཆེ་ཡང་སེམས་པ་ རྟག་པར་ཡུལ་ཡུལ་པོར་འགྱུར།
ཁྱེད་རང་མེད་པས་ འཇིག་རྟེན་འདིའི་
སྐྱེ་དགུའི་ཚོན་མདངས་ཡལ་ནས་ འདོད་པའི་ཡོན་ཏན་སྟོང་སོང་།
བྱས་ཙང་ཁྱོད་ གང་ན་ཡོད། གང་ན་ཡོད།
ངས་ཁྱོད་ འཚོལ་བཞིན་ཡོད། འཚོལ་བཞིན་ཡོད།
Darara...... Darara......
Dururu......Dururu......
Dara...