作词 : 华拉
作曲 : 万玛才旦
གྱེས་གླུ
离歌
གཞས་ཚིག•དཔལ་ལྷ།
作词: 华拉
གཞས་གདངས•པདྨ་ཚེ་བརྟན།
作曲; 万玛才旦
གཞས་པ•པདྨ་ཚེ་བརྟན།
演唱:万玛才旦
སྒྲ་ཕབ་དང་ཞིབ་སྦྱོར་མཁན། གཡང་རོང་ཨ་དོན
录音/后期:央容阿东
སྡེ་ཁ་རུ་བརྒྱུད་ནས་འགྲོ་དུས་ན།།
འགྲོ་མི་ཐུབ་སེམས་ན་མི་ཟིག་ཡོད།།
བརྗེད་མི་ཐུབ་སྲོག་གི་ཁ་མ་ཡིན།།
ཁྱོད་བསྐྱུར་ནས་སོང་ན་སྡུག་ཟིག་རེད།།
སེམས་ཆུང་འདྲིས་ཁ་ཚིག་ལྷོད་ཤ་ཅན།།
ཚེ་ད་ཐེངས་འགྲོགས་འཚམས་འདི་ནས་འཇོག།
ཁ་མི་འབྲལ་སྔོན་བསགས་ལས་དབང་རེད།།
ང་མི་འགྲོ་ཕུགས་བསམ་རྒྱང་ན་ཡོད།།
མིག་མཆི་མའི་ཀློང་གི་ལ་གཞས་འདི།།
མི་འཁྱམས་པོ་ཟིག་གི་དྲན་ཤིང་ཡིན།།
སྨུག་ལང་ལོང་འཐིབས་སའི་རི་སྒང་ནས།།
ལུག་གཡང་དཀར་འཚོ་བཞིན་གཞས་ལ་ཉོན།།
འདང་བརྒྱབ་ན་དང་མའི་ལམ་རིག་གི།
ཞིབ་བསམ་ན་ཆུང་འདྲིས་ཁྱོད་དྲན་གི།
ལོ་ཉི་ཤུའི་ཚར་སྟེང་གོས་དྲན་གི།
ང་མ་དབང་ཚིག་རྟིང་མནའ་དྲན་གི།
ལོ་ཟླ་བའི་དྲན་པ་རིང་མོ་འདི།།
ཚེ་འདི་ནས་འགྱོད་བཤགས་སུ་ལ་བྱེད།།
གཞི་འཁོར་བའི་མེ་ཏོག་སྐམ་སོང་རུང་།།
སྟོན་བརྒྱད་པའི་ནམ་ཟླ་ལན་ནི་རེད།།
ཙག་བསེར་བུའི་ངོ་གདོང་གས་སོང་རུང་།།
ཚེ་ངན་པའི་བར་ཆད་ལན་ནི་རེད།།
གཏམ་མང་པོ་མི་བཤད་ན་ཟུག་རེད།།
སྐྱེ་གཞུག་མ་ཁྱིམ་གཅིག་སྨོན་ལམ་འདེབས།།