作词 : 秀穆
作曲 : 三智才让
མ་ཅོ་ཐོག་ཁྱོད་རང་ག་ནས་ཡིན།།
ཁྲོམ་ཆེ་ས་ཞིག་ནས་རིག་མྱོང་ཟིག།
ཡག་མོ་སྒོ་མིག་ལ་ལྷུང་མྱོང་ཟིག།
དལ་གོལ་ལེ་ཁོམ་པ་ཡོད་རྒྱུ་ན།།
བུ་མོ་ཡ་བུ་མོ བུ་མོ་ཡ་བུ་མོ
ངས་མི་ཚེའི་གཏམ་རྒྱུད་གླེང་འཇོག་གི།
མ་ཅོ་ཐོག་ཁྱོད་རང་ག་ནས་ཡིན།།
ཁྲོམ་ཆེ་ས་ཞིག་ནས་རིག་མྱོང་ཟིག།
གཤིས་ལང་ཚོ་སེམས་ལ་ལྷུང་མྱོང་ཟིག།
གཏམ་ཁ་ལྕེའི་ཚིག་མགོ་འཕྲོད་ཀྱིས་ན།།
བུ་མོ་ཡ་བུ་མོ བུ་མོ་ཡ་བུ་མོ
དངུལ་དཀར་པོའི་མཛུབ་དཀྲིས་ཕྱིན་འཇོག་གི།
མ་ཅོ་ཐོག་ཁྱོད་རང་ག་ནས་ཡིན།།
ཁྲོམ་ཆེ་ས་ཞིག་ནས་རིག་མྱོང་ཟིག།
སྐྲ་ལན་བུས་མི་སེམས་ཁྱེར་མྱོང་ཟིག།
སྙིང་དམར་པོའི་བརྩེ་བ་མཐུན་རྒྱུ་ན།།
བུ་མོ་ཡ་བུ་མོ བུ་མོ་ཡ་བུ་མོ
གཉེན་དཀར་པོའི་ཁ་བཏགས་སློངས་འཇོག་གི།
བུ་མོ་ཡ་བུ་མོ བུ་མོ་ཡ་བུ་མོ
གཉེན་དཀར་པོའི་ཁ་བཏགས་སློངས་འཇོག་གི།