༼དགོངས་དག་ཞུ།༽
ཚིག་:འབོར་•དཀོན་མཆོག་ཚེ་རིང།
དབྱངས་:བསྟན་འཛིན་རྒྱལ།
རོལ་མོ་:ཝང་ཏུང་ཏུང།
སྒྲ་ལེན་དང་ཞིབ་སྦྱོར་:གཡང་རོང་ཨ་དོན།
རམ་འདེགས་:བསྟན་འཛིན་རྒྱལ།
ལེན་མཁན་:ཚེ་དཔག།
༡
སོང་སོང་གི་མཐའ་མ་ཞིག་ལ།
འགྲོག་འགྲོག་གི་རྔ་མ་ཞིག་ལ།
ཁྱོད་ཀྱིས་འདོད་པ་དེ་ང་ཡིས་བསྐོང་ཐུབ་མ་སོང།
ང་ལ་དགོས་པ་དེའང་ཁྱོད་ཀྱིས་བསྒྲུབ་ཐུབ་མ་སོང།
དགོངས་དག་ཞུ་ རྒྱུས་ཡོད་ཀྱི་མི།
དགོངས་དག་ཞུ་ རྒྱུས་མེད་ཀྱི་ལས།
མཇལ་འཛོམས་དེ་ལ་སྡུག་དམོད་མེད་པར་ཤོག།
གྱེས་བྲལ་དེ་ལ་བློ་འགྱོད་མེད་པར་ཤོག།
ཁྱོད་ཀྱིས་འདོད་པ་དེ་ང་མ་ཡིན།
ང་ལ་དགོས་པ་དེའང་ཁྱོད་མ་རེད།
༼བསྟན་འཛིན་རྒྱལ་ རམ་འདེགས་༽
ཡོད་ཚད་ཀྱི་ཡོད་ཚད་ཁྱོད་དང་ངའི་ཁ་སང་ལ་དབང་བ་ཤོག།
ཐམས་ཅད་ཀྱི་ཐམས་ཅད་ང་དང་ཁྱོད་ཀྱི་སང་ཉིན་ལ་ཐོབ་ཤོག།
༢
དགའ་དགའ་བའི་མཐའ་མ་ཞིག་ལ།
དུང་དུང་གི་རྔ་མ་ཞིག་ལ།
ཁྱོད་ཀྱིས་བསམ་པ་དེ་ང་ཡིས་སྦྱིན་ཐུབ་མ་སོང།
ང་ལ་མཁོ་བ་དེའང་ཁྱོད་ཀྱིས་བསྩལ་ཐུབ་མ་སོང།
དགོངས་དག་ཞུ་ རྒྱུས་ཡོད་ཀྱི་མི།
དགོངས་དག་ཞུ་ རྒྱུས་མེད་ཀྱི་ལས།
བརྩེ་བ་དེ་ལ་འཁང་ར་མེད་པར་ཤོག།
དུང་བ་དེ་ལ་ལེ་བདའ་མེད་པར་ཤོག།
ཁྱོད་ཀྱིས་བསམ་པ་དེ་ང་མ་ཡིན།
ང་ལ་མཁོ་བ་དེའང་ཁྱོད་མ་རེད།
ང་ལ་མཁོ་བ་དེའང་ཁྱོད་མ་རེད།