作词 : 西吉卜
作曲 : 才让东珠
ང་ཡི་དགེ་རྒན།
我的老师
གཞས་ཚིག.ཤིས་སྐྱིད་པོ།
歌词:西吉卜
གཞས་དབྱངས།.ཚེ་རིང་དོན་གྲུབ།
歌曲:才让东珠
གཞས་པ།མཛོད་དགེ་ཚེ་བྷ།
演唱:若尔盖才巴
ཐོག་མའི་མི་གཤིས་ཀྱི་དབུ་ཁྱུད།།
དམར་ཆུང་སེམས་ལ་བྲིས།།
མི་གཤིས་གསེར་ནག་གི་རྨང་རྡོ་དེ་ནས་བརྩིགས།།ཨ་དགེ་རྒན་ལགས།
རྒྱུ་འབྲས་དྲང་ཐིག་གི་རི་མོ་དེ་ནས་བྲིས།།
ཁྱེད་ཀྱི་སྐུ་དྲིན་དང་ལམ་སྟོན་ལ་ཡང་ཡང་བསྟོད།།
ཨེ་མ།རླབས་ཆེ་བའི་དགེ་རྒན། ལམ་སྟོན་གྱི་སྒྲོན་མེ།
ང་ཡི་དགེ་རྒན།སྐུ་དྲིན་ཆེ།
བར་དུ་ཤེས་རིག་གི་ནོར་བུ།།
ཕངས་པ་མེད་པར་སྦྱིན།།
རྣམ་འབྱེད་ཤེས་རབ་ཀྱི་མིག་ཟུང་དེ་ནས་ཐོབ།།ཨ་དགེ་རྒན་ལགས།
ལེགས་ཉེས་བླང་དོར་གྱི་རྣམ་བཞག་དེ་ནས་ཤེས།།
ཁྱེད་ཀྱི་ལྷག་བསམ་དང་བརྩེ་སྐྱོང་ལ་སྐུ་དྲིན་ཆེ།།
ཨེ་མ། ཤེས་རིག་གི་དེད་དཔོན།མུན་སེལ་གྱི་ཉི་མ།
ང་ཡི་དགེ་རྒན།སྐུ་དྲིན་ཆེ།
མཐའ་མར་མདུན་ལྗོངས་ཀྱི་ལམ་ན།།
ང་ཚོར་འོད་སྣང་ཡོད།
རེ་བ་ཐོ་རེངས་ཀི་སྐར་ཆེན་དེ་ནས་ཤར།།_ཨ་དགེ་རྒན་ལགས།
གང་བགྲོད་སྤོབས་པ་ཡི་གཤོག་ཟུང་དེ་ནས་ཐོགས།།
ཁྱེད་ཀྱི་གསོ་སྐྱོང་དང་ཐུགས་ཁུར་ལ་ཡང་ཡང་བསྟོད།།
ཨེ་མ། ཡོན་ཏན་གྱི་བང་མཛོད།བླང་དོར་གྱི་བྱེད་པོ།
ང་ཡི་དགེ་རྒན།སྐུ་དྲིན་ཆེ།