作词 : 曼拉杰甫
作曲 : 三智才让
编曲 : 夏雄·扎西多杰
ཉིས་སྟོང་ཉི་ཤུ་ཐམ་པ།
གཞས་ཚིགརྩོམ་པ་པོ། སྨན་བླ་སྐྱབས།
དབྱངས་རྩོམ་མཁན། མགར་བསམ་འགྲུབ་ཚེ་རིང་།
གཞས་མཁན། མགར་བསམ་འགྲུབ་ཚེ་རིང་།
རོལ་མོ་སྒྲིག་བཟོ་པ་དང་སྒྲ་ཞིབ་སྦྱོར་པ། བྱ་གཞུང་བཀྲ་ཤིས་རྡོ་རྗེ།
སྒྲ་ལེན་པ། དཀའ་ཐུབ་རྒྱལ།
གྷེ་ཐར་རམ་དཀྲོལ། དཀའ་ཐུབ་རྒྱལ།
བྱིས་པའི་གྱེར་འདོན། ཀླུ་མོ་ཡག
འཛམ་གླིང་ནད་ཀྱིས་བཏབ་པའི།། ཉིས་སྟོང་ཉི་ཤུ་ཐམ་པ།
ལུས་སེམས་ནང་ལ་བཀག་པའི།། ཉིས་སྟོང་ཉི་ཤུ་ཐམ་པ།
སེམས་ཀྱིས་འཚོས་པའི་མི་དེ།། ཁ་པར་ནང་གི་མི་དེ།།
གངས་ལ་ཕོག་པའི་ཉི་འོད། བརྗེད་རྒྱུ་ཡོད་ས་མ་རེད།།
ཉིས་སྟོང་ཉི་ཤུ་ཐམ་པ།། བརྗེད་རྒྱུ་ཡོད་ས་མ་རེད།།
ཉིས་སྟོང་ཉི་ཤུ་ཐམ་པ།། བརྗེད་རྒྱུ་ཡོད་ས་མ་རེད།།
གཉིས་ཐིག་གཉིས་ཐིག ཁ་པར་ནང་ནས་ཐུག
གཉིས་ཐིག་གཉིས་གཅིག གང་ནས་ཐུག་ན་ཐུག
ལུས་པོ་ནང་ལ་བཀག་པའི།། ཉིས་སྟོང་ཉི་ཤུ་ཐམ་པ།།
སེམས་པ་ཕྱི་ལ་ཤོར་བའི།། ཉིས་སྟོང་ཉི་ཤུ་ཐམ་པ།
སེམས་ལ་ཐོགས་པའི་ཡུལ་དེ།། ཁ་པར་ནང་གི་ཡུལ་དེ།།
མཚོ་ལ་ཤར་བའི་སྐར་མ།། བརྗེད་རྒྱུ་ཡོད་ས་མ་རེད།།
ཉིས་སྟོང་ཉི་ཤུ་ཐམ་པ། བརྗེད་རྒྱུ་ཡོད་ས་མ་རེད།།
ཉིས་སྟོང་ཉི་ཤུ་ཐམ་པ། བརྗེད་རྒྱུ་ཡོད་ས་མ་རེད།།
ཉིས་སྟོང་ཉི་ཤུ་ཐམ་པ། བརྗེད་རྒྱུ་ཡོད་ས་མ་རེད།།
ཉིས་སྟོང་ཉི་ཤུ་ཐམ་པ། བརྗེད་རྒྱུ་ཡོད་ས་མ་རེད།།