作词 : 博 贡去才让
作曲 : 不丹
དམ་བཅའ།།
ཚིག འབོར་དཀོན་མཆོག་ཚེ་རིང་།
དབྱངས། འབྲུག་གཞས།
གཞས་པ། ཅོ་ནེ་ཨ་སྒྲོལ། གངས་དཀར་མཚོ།
རང་སེམས་ཤོར་བའི་བུ་མོ།
ཚུར་ལ་འཛུམ་གྱིས་བསུས་དང་།
ཁྲ་ཆུང་མིག་གིས་དབུས་ལ།
ཁྱོད་ལས་མཛེས་པ་མི་འདུག།
རང་སེམས་ཤོར་བའི་བུ་ཆུང་།
ཚུར་ལ་བརྩེ་བ་གནང་དང་།
བུ་མོ་ང་ཡིས་མི་ཚེ།
ཁྱོད་ལ་བཅོལ་ན་བསམ་བྱུང་།
གཏམ་སྙན་མོ་ཁ་ཡག་མི་དགོས།
གཡོ་བསླུ་ཁྲིད་མགོ་སྐོར་མི་དགོས།
ལྷད་མེད་པའི་བརྩེ་བ་ཡོད་ན།
བུ་ང་དེ་ལས་དགའ་བ་མི་འདུག།
གསེར་སེར་པོའི་འཛུབ་ཀྲིས་མི་དགོས།
གཡུ་བྱུ་རུ་སྐེ་རྒྱན་མི་དགོས།
ནང་སེམས་ཀྱི་དུངས་བ་ཡོད་ན།
མོ་ང་དེ་ལས་སྐྱིད་པ་མི་འདུག།
སེམས་བསམ་པའི་སྐད་ཆ་ཁྱོད་ལ་བཤད་ན་བསམ་ཡོད།
ཞེ་དུངས་བའི་བརྩེ་བ་ཁྱོད་ལ་བཤད་ན་བསམ་ཡོད།
སྐྱིད་འཚོ་བའི་ལོངས་སྤྱོད་ཁྱོད་ལ་སྦྱིན་ན་བསམ་ཡོད།
གཞི་འཁོར་བའི་ལས་དོན་ཁྱོད་ལ་བསྒྲིགས་ན་འདོད་ཡོད།
གཏམ་བཤད།
སེམས་བསམ་པའི་སྐད་ཆ་ཁྱོད་ལ་བཤད་ན་བསམ་ཡོད།
ཞེ་དུངས་བའི་བརྩེ་བ་ཁྱོད་ལ་བཤད་ན་བསམ་ཡོད།
སྐྱིད་འཚོ་བའི་ལོངས་སྤྱོད་ཁྱོད་ལ་སྦྱིན་ན་བསམ་ཡོད།
གཞི་འཁོར་བའི་ལས་དོན་ཁྱོད་ལ་བསྒྲིགས་ན་འདོད་ཡོད།
རང་སེམས་ཤོར་བའི་བུ་ཆུང་།
ཚུར་ལ་དུངས་བ་གནང་དང་།
བུ་མོ་ང་ཡིས་ལས་དབང་།
ཁྱོད་ལ་བསྐོས་ན་བསམ་སོང་།
སེམས་དང་སེམས་པའི་ཕྱི་ནང་།
ཁྱོད་ལ་སྟོན་ན་བསམ་བྱུང་།
གཏམ་དང་ཚིག་གི་ནང་སྙིང་།
ཁྱོད་ལ་བཤད་ན་བསམ་བྱུང་།
གསེར་སེར་པོའི་འཛུབ་ཀྲིས་མི་དགོས།
གཡུ་བྱུ་རུ་སྐེ་རྒྱན་མི་དགོས།
ནང་སེམས་ཀྱི་དུངས་བ་ཡོད་ན།
མོ་ང་དེ་ལས་མཛེས་པ་མི་འདུག།
གཏམ་སྙན་མོ་ཁ་ཡག་མི་དགོས།
གཡོ་བསླུ་ཁྲིད་མགོ་སྐོར་མི་དགོས།
ལྷད་མེད་པའི་བརྩེ་བ་ཡོད་ན།
བུ་ང་དེ་ལས་དགའ་བ་མི་འདུག།
སེམས་བསམ་པའི་སྐད་ཆ་ཁྱོད་ལ་བཤད་ན་བསམ་ཡོད།
ཞེ་དུངས་བའི་བརྩེ་བ་ཁྱོད་ལ་བཤད་ན་བསམ་ཡོད།
སྐྱིད་འཚོ་བའི་ལོངས་སྤྱོད་ཁྱོད་ལ་སྦྱིན་ན་བསམ་ཡོད།
གཞི་འཁོར་བའི་ལས་དོན་ཁྱོད་ལ་བསྒྲིག་ན་འདོད་ཡོད།