པན་ཆེན་དྲན་གླུ།
ཚིག ནམ་ལངས།
དབྱངས། ན་ན།
གཞས་པ།ཅོ་ནེ་ཨ་སྒྲོན།
༡ཁྲི་གདུགས་ཉི་མ་ལྷག་སྐྱིད་ཤར་དུས།
ཡར་བལྟས་གངས་རིའི་གཟི་འོད་ལམ་ལམ།
གངས་ཆབ་ཟེགས་མའི་འགྱུར་ཁུག་ཀློང་ན།
དབྱར་གསུམ་དྲོད་ཀྱི་བག་མ་སླེབས་ཡོད།
ཨོ་་་་་་་་་་ཧོ་་་་་་་ཧོ་་་་་་་་་་་་་
གནས་འདི་གང་ཡིན་གངས་རི་ར་བའི་ལྗོངས།
པན་ཆེན་བླ་མའི་ཐུགས་ཀྱི་གདན་ས་ཡིན།
བུ་ངས་དེ་རིང་བཀྲ་ཤིས་གླུ་ཞིག་ལེན།
ཕ་མའི་འབྱུང་གཞི་བདེ་བའི་བཀྲ་ཤིས་ཤོག
ནང་མི་མཐུན་སྒྲིལ་དམ་བའི་བཀྲ་ཤིས་ཤོག
༢པན་ཆེན་བླ་མ་ཁྲི་ན་བཞུགས་དུས།
གསུང་དབྱངས་སྙན་མོ་རྔ་རྒྲ་ལྷང་ལྷང་།
བཀའ་སློབ་བདུད་རྩི་དངས་མའི་ཀློང་ན།
འབངས་ཀྱི་འཚོ་བ་སྐྱིད་ཀྱིས་བརྟས་ཡོད།
ཨོ་་་་་་ཧོ་་་་་་་་ཧོ་་་་་་་་་་
གནས་འདི་གང་ཡིན་གངས་རི་ར་བའི་ལྗོངས།
པན་ཆེན་བླ་མའི་ཐུགས་ཀྱི་གདན་ས་ཡིན།
བུ་ངས་དེ་རིང་བཀྲ་ཤིས་གླུ་ཞིག་ལེན།
འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག
འགྲོ་ཀུན་བདེ་སྐྱིད་ལྡན་བའི་བཀྲ་ཤིས་ཤོག
ཨོ་་་་ཧོ་་་་་་ཧོ་་་་་་
གནས་འདི་གང་ཡིན་གངས་རི་ར་བའི་ལྗོངས།
པན་ཆེན་བླ་མའི་ཐུགས་ཀྱི་གདན་ས་ཡིན།
བུ་ངས་དེ་རིང་བཀྲ་ཤིས་གླུ་ཞིག་ལེན།
འཛམ་གླིང་ཞི་བདེ་ཡོང་བའི་བཀྲ་ཤིས་ཤོག
འགྲོ་ཀུན་བདེ་སྐྱིད་ལྡན་བའི་བཀྲ་ཤིས་ཤོག
འགྲོ་ཀུན་བདེ་སྐྱིད་ལྡན་བའི་བཀྲ་ཤིས་ཤོག