作词 : 民间
作曲 : 民间
编曲 : ?
ཁུ་བྱུག
杜鹃鸟
ཚིག། དམངས་ཁྲོད།
词:民间
དབྱངས། དམངས་ཁྲོད།
曲:民间
གཞས་པ། བསམ་གཏན་ནོར་བུ།
歌手:桑丁罗布
ཁུ་བྱུག ཁུ་བྱུག།
གསུང་སྙན་མོའི་རྒྱ་ཁམ་བསྐོར་ནས་འགྲོགས།
ཁུ་བྱུག། ཁུ་བྱུག།
འདི་ཞི་བདེ་ཡོང་བའི་དགེ་མཚན་རེད།
ཁུ་བྱུག། ཁུ་བྱུག།
ཁུ་བྱུག ཁུ་བྱུག།
སང་བདེ་སྐྱིད་ཡོང་བའི་རྟེན་འབྲེལ་རེད།
ཁུ་བྱུག། ཁུ་བྱུག།
ཁྱེད་སྐུ་ཁམས་བདེ་བའི་སྨོན་ལམ་འདེབས།
ཁུ་བྱུག། ཁུ་བྱུག།
ཁུ་བྱུག། ཁུ་བྱུག།
གསུང་སྙན་མོ་དྲི་ཟིང་རླུང་བུ་རེད།
ཁུ་བྱུག། ཁུ་བྱུག།
གསུང་འདི་འདྲ་ཡོད་ན་རེ་རེས་ཆོག
ཁུ་བྱུག། ཁུ་བྱུག།
ཁུ་བྱུག། ཁུ་བྱུག།
གསུང་ཡང་ཡང་རྒྱས་པའི་རྟེན་འབྲེལ་རེད།
ཁུ་བྱུག། ཁུ་བྱུག།
གསུང་འགག་པ་མེད་པའི་སྨོན་ལམ་འདེབས།
ཁུ་བྱུག། ཁུ་བྱུག།
ཁུ་བྱུག། ཁུ་བྱུག།
བོད་ཁ་བ་ཅན་གྱི་ལྷ་བྱ་ཡིན།
ཁུ་བྱུག། ཁུ་བྱུག།
བྱ་ཁྱེད་འདྲ་ཡོད་ན་རེ་རེས་ཆོག
ཁུ་བྱུག ། ཁུ་བྱུག།
ཁུ་བྱུག། ཁུ་བྱུག།
ཁྱེད་སྒང་པ་བོད་ཀྱི་ཡང་བྱ་ཡིན།
ཁུ་བྱུག ། ཁུ་བྱུག།
གཡང་ལྷ་བྱ་ཁྱེད་འདྲ་རེ་རེས་ཆོག
ཁུ་བྱུག། ཁུ་བྱུག།
གཡང་ལྷ་བྱ་ཁྱེད་འདྲ་རེ་རེས་ཆོག།
ཁུ་བྱུག། ཁུ་བྱུག།