作词 : 索德青年缘
作曲 : 索德青年缘
编曲 : 索德青年缘
བུ་མོ་་་་བུ་མོ་་་
ཡིད་སེམས་འགུག་པའི་བུ་མོ།།
མཚན་མོ་སྐར་ཚོགས་ལྷན་དུ།།
ངད་གཉིས་གསང་གཏམ་མེ་ལྕེ།།
བརྗེད་མེད་སེམས་ཀྱི་བུ་མོ།།
དྲག་ཆར་ཁེར་འགྲོ་ཞིག་གི།།
བརྩེ་བའི་དྲོད་ཁུལ་འཕྲོག་སོང་།།
བུ་མོ་་་་བུ་མོ་་་
དྲན་གདུང་སེམས་ཀྱི་བུ་མོ།།
མཚན་མོ་དམག་རུམ་ཐེབས་ཀྱང་།།
གཉིད་ཀྱི་བྲོ་བ་མི་འདུག།།
བརྗེད་མེད་སེམས་ཀྱི་བུ་མོ།།
ནམ་མཁའ་སྨིན་དྲུག་མ་ཏོག།།
སྐྱོ་རོགས་གཞན་ཞིག་མི་འདུག།།
བུ་མོ་་་་བུ་མོ་་་
འཇའ་ཚོན་ནང་གི་བུ་མོ།།
སྒོ་ཁྱིས་ངུ་ཟུག་ལྷན་དུ།།
དྲན་པའི་ཀློང་གི་མི་མོ།།
བརྗེད་མེད་སེམས་ཀྱི་བུ་མོ།།
སྐྱབས་གནས་དཀོན་མཆོག་གསུམ་གྱི།།
ཁྱོད་ལ་ཐུགས་རྗེ་གཟིགས་ཤོག།།
བུ་མོ་་་་བུ་མོ་་་
ཁ་འབྲལ་ཚར་བའི་བུ་མོ།།
སྔོན་ཆད་ལོ་མང་རིང་ལ།།
བརྩེ་བ་དར་ཀྱི་མདུད་པ།།
བརྗེད་མེད་སེམས་ཀྱི་བུ་མོ།།
དྲན་པའི་གཞས་ཆུང་འདི་ནི།།
ཁྱོད་ལ་དབང་བའི་གཞས་ཡིན།།