作词 : 网上灵魂
作曲 : 网上灵魂
གྲུབ་དབང་དྲན་གླུ།
གཤེན་བསྟན་ནོར་གླིང་དགོན་འདིར།
བཤད་སྒྲུབ་འོད་ཀྱི་སྒྲོན་མེ།
དད་དམངས་ཡོངས་ཀྱི་གཙུག་རྒྱན།
གྲུ་དབང་བླ་མ་དྲན་བྱུང་།
མཁྱེན་ནོ་བླ་མ་མཁྱེན་ནོ།
དྲན་ནོ་བླ་མ་དྲན་ནོ།
ཁྱེད་ཞལ་འཛུམ་ལ་དགའ་བ།
སྔར་ནས་མཐོང་རྒྱུ་མི་འདུག།
གོང་གི་ཉི་མ་གསེར་པོ།
འགྲོ་བ་ཀུན་ལ་ཁྱབ་པའི།
བསྟན་དང་འགྲོ་བའི་དོན་དུ།
སླར་ཡང་བྱོན་པའི་སྨོན་ལམ།
ཞོག་པའི་སྐྱ་རེང་ཞིག་ལ།
ཁྱེད་ཉིད་ཨ་ཡིན་བསམ་གི།
ས་སྟེང་མི་བོ་ང་ཡི།
དྲན་པའི་ན་བུན་མི་དྭངས།
འགྲོ་ཀུན་འཁྱེན་པའི་བླ་མ།
ཁྱེད་ཉིད་གང་དུ་བཞུགས་ཡོད།
མགོ་ནག་མི་བོ་ཡོངས་ལ།
ཐུགས་རྗེ་སྤྱན་གྱིས་གཟིགས་རོགས།