作词 : 普桑多吉
作曲 : 普桑多吉
བྱམས་དང་སྙིང་རྗེ།
ཚིག གདངས ཕུར་བཟང་རྡོ་རྗེ།
གཞས་པ། རྒྱལ་པོ་ལྷ་འདུས།
འཇིག་རྟེན་མི་ལུས་བླངས་པ།།
བྱམས་དང་སྙིང་རྗེ་ཡོད་དགོས།།
བྱམས་དང་སྙིང་རྗེ་ལྡན་ན།།
མི་ལུས་སྟོང་ཟད་མི་འགྲོ།
འཇིག་རྟེན་མི་ལུས་བླངས་པ།།
ལས་དང་རྒྱུ་འབྲས་ཡོད་དགོས།།
ལས་དང་རྒྱུ་འབྲས་ལྡན་ན།།
མི་ལུས་སྟོང་ཟད་མི་འགྲོ།
འཇིག་རྟེན་མི་ལུས་བླངས་པ།།
མཐུན་དང་མཛའ་གྲོགས་ཡོད་དགོས།།
མཛའ་མཐུན་འོ་ཆུའི་རང་བཞིན།།
མཐུན་པ་སྤུན་བཞིའི་ངང་ཚུལ།།