作词 : 智王桑珠
作曲 : 智王桑珠
编曲 : 智王桑珠
ལོ་ཆུང་བྱིས་པའི་དུས་ལ།
ཨོ། ཁ་བའི་འདབ་མའི་ཁྲོད་དུ།
ཨ་མཚར་རྩེད་ལ་རོལ་བའི།
ན་ཆུང་རྩེད་གྲོགས་དྲན་སོང་།
གསེར་མདོག་ཉི་མ་སེར་པོ།
ཚ་ཟེར་དྲོད་རེག་མ་ཆེ།
ཁ་བའི་འདམ་མའི་སྟེང་དུ།
བརྩེ་བའི་དུང་སེམས་ཆགས་ཡོད།
ཁ་བ་མར་མར་འབབ་དུས།
ང་ཡི་ཆུང་གྲོགས་ལོ་ལོ།
དྲན་པའི་མིག་ཆུའི་ཐིགས་པས།
ཨོ། ཁ་བའི་འདབ་མ་རླན་སོང་།
སྔར་འདྲིས་བརྩེ་བའི་འཛུམ་མདངས།
ཨོ། ཁ་བ་ལས་ཀྱང་དཀར་བ།
མི་ཚེ་མ་རྫོགས་བར་དུ།
མི་འགྱུར་དམ་བཅའ་བཞག་ཡོད།
གསེར་མདོག་ཉི་མ་སེར་པོ།
ཚ་ཟེར་དྲོད་རེག་མ་ཆེ།
ཁ་བའི་འདབ་མའི་སྟེང་དུ།
ཨོ། བརྩེ་བའི་དུང་སེམས་ཆགས་ཡོད།
ཁ་བ་མར་མར་འབབ་དུས།
ང་ཡི་ཆུང་གྲོགས་ལོ་ལོ།
དྲན་པའི་མིག་ཆུའི་ཐིགས་པས།
ཨོ། ཁ་བའི་འདབ་མ་རླན་སོང་།
ཁ་བ་མར་མར་འབབ་དུས།
ང་ཡི་ཆུང་གྲོགས་ལོ་ལོ།
དྲན་པའི་མིག་ཆུའི་ཐིགས་པས།
ཨོ། ཁ་བའི་འདབ་མ་རླན་སོང་།
ཨོ། ཁ་བའི་འདབ་མ་རླན་སོང་།