作词 : 桑多尔
作曲 : 三智才让
编曲 : 三智文化传媒/夏雄·扎西多杰
翻译:卓阿日
吉他:尕太加
录音:三智文化传媒-萍子
混音:三智文化传媒-萍子
音乐总监:三智才让
དམར་སེར་ཉི་མ་འབར་བ་འཇམ་དཔལ་དབྱངས་རེད།།
ཉི་མ་ཕྱེད་ཙམ་ཤར་བ་དགེ་རྒན་ལགས་རེད།།
དགེ་རྒན་སྤྱིར་བཏང་པད་རྒྱམ་དྲན་དྲན་དྲན་བྱུང་།།
ཐེངས་གསུམ་དྲན་ནས་གླུ་གསུམ་བླངས་འདིས་དཀའ་སོང་།།
པི་ཝང་མེད་པའི་དབྱར་ས་དགུན་ས་མི་ཆེ་མི་ཆུང་།
དགེ་རྒན་སྤྱིར་བཏང་།
སྤྱིར་བཏང་མ་ཡིན་ཡིན་ན་འདི་ལྟར་ཨེ་དྲན་མི་དྲན།
དཀར་གསལ་ཟླ་བ་བཞུར་བ་དབྱངས་ཅན་ལྷ་རེད།།
ཟླ་བ་དུམ་ཙམ་ཚེས་པ་དགེ་རྒན་ལགས་རེད།།
དགེ་རྒན་སྤྱིར་བཏང་པད་རྒྱམ་དྲན་དྲན་དྲན་བྱུང་།།
གླུ་གསུམ་བླངས་ནས་ཐེངས་གསུམ་དྲན་འདིས་དཀའ་སོང་།།
ས་རྡོ་ཡོད་པའི་རྟ་ཁྱུ་ལུག་ཁྱུ་མི་མང་མི་ཉུང་།
དགེ་རྒན་སྤྱིར་བཏང་།
སྤྱིར་བཏང་མ་ཡིན་ཡིན་ན་འདི་ལྟར་ཨེ་དྲན་མི་དྲན།
དགེ་རྒན་སྤྱིར་བཏང་།
ཡིན་ན་འདི་ལྟར་ཨེ་དྲན་མི་དྲན།