作词 : 曲旦
作曲 : 民间
གཙང་པོའི་འགྲམ་གྱི་ཆུང་འགྲོག
ཚིགརྨ་མཆོད།
དབྱངས། འབྲུག་པའི་དམངས་ཁྲོད།
ལེན་མཁན། ཁ་བ་དོན་འགྲུབ།
གླུ་གཞས་ཁྱབ་སྤེལ། ཤེར་བསྟན་འཕྲིན་སྟེགས་ལས་སྒྲུབ་ཁང་།
ཡུལ་ཟེར་ན་རྒྱང་ཐག་རིང་པོ་ཡིན།།
དེ་ཡིན་ཡང་སེམས་པའི་ཉེ་ས་ཡིན།།
གླེང་ཟེར་བ་ཁྱོད་ཀྱི་དུས་གསུམ་ཡིན།།
ཁྱོད་ཟེར་ན་ཤ་རུས་ཆགས་ས་ཡིན།།
སྡེ་ལུང་པ་གཞན་གྱི་བུ་མོ་ཁྱེད །།
ཚིག་འཇམ་པོས་ཨ་རོགས་ཟེར་ས་ཡིན །།
དབྱངས་སྙན་མོས་སྙན་པའི་དྭངས་མ་ཡིན།།
ཆུ་གཙང་བོའི་འགྲམ་གྱི་ཆུང་འགྲོག་ཡིན །།
ཁྱེད་རང་ཟེར་ན་སྙིང་གི་དུམ་བུ།།
ཁྱེད་རང་དྲན་ན་དྲན་པ་རི་ཤོར།།
སེམས་བདག་མེད་ཡིན་པ་གོམས་གཤིས་རེད།།
ཁྱེད་གཏན་དུ་བཙལ་བ་མཛེས་སྡུག་རེད།།
ཐོབ་འདོད་པ་ན་ཚོད་རྒས་ཀྱང་ཆོག།
འཕྲད་ཡོངས་བ་སང་ཉིན་མ་འཕྲད་ཀྱང་།།
ཡར་བལྟས་ནས་དགུང་ལ་ཀྭི་ཞིག་འཕང་།།
དགུང་སྔོན་པོས་དྲན་པ་མ་ཐོས་ཟེར།།
མར་འཁོར་ནས་ས་གཞིར་གྲོས་ཞིག་བཏབ།།
ས་པད་མའི་ཁྱེད་ཉིད་མ་བརྗེད་གསུང་།།
ཁྱེད་རང་ཟེར་ན་སྙིང་གི་དུམ་བུ།།
ཁྱེད་རང་དྲན་ན་དྲན་པ་རི་ཤོར།།